21336

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐང་ཟན་ཙང་ (1)
Part of speech མིང་ཚིག
Definition ཐང་རྒྱལ་རབས་སྐབས་ཀྱི་ནང་པའི་སློབ་དཔོན་མཚན་སྙན་ཆེ་བ་ཞིག་ཡིན་ལ། ཕྱི་ལོ༦༠༢ལ་འཁྲུངས། ལོ་བཅུ་བཞིའི་རིང་རྒྱ་གར་གྱི་ཡུལ་ཐམས་ཅད་དུ་གནས་མཇལ་དང་སློབ་གཉེར་ཟུང་འབྲེལ་གནང་། སློབ་དཔོན་དགེ་འདུན་གྲགས་པ་དང་། བི་ཤུད་ངྷ་སིངྷ། ཛ་ཡ་བནྔྷ། སུརྱ་དེཝ། ཛི་ན་རཀྵི་ཏ་སོགས་མཁས་པ་སུམ་ཅུ་ལྷག་ཙམ་བསྟེན་ནས། རིག་གནས་དང་། ཚད་མ། མངོན་པ། དབུ་མ། འདུལ་བ་སོགས་སྦྱངས་ཏེ་མཁས་པ་ཆེན་པོར་གྱུར། རྒྱ་གར་དུ་སློབ་དཔོན་འདིའི་མཚན་ལ་མ་ཧཱ་ཡཱ་ན་དེ་བ་སྟེ་ཐེག་ཆེན་ལྷར་འབོད ། རྒྱལ་པོ་ཁྲིམས་ཉི་མ་ལ་སོགས་དགོངས་ཞུ་གནང་སྟེ་རྒྱ་ནག་ཏུ་ཕྱིར་ལོག་ཕེབས་ཁར། རྒྱལ་པོ་བཅོ་བརྒྱད་ཀྱིས་དགའ་སྐྱེལ་སྟོན་མོ་དང་དངོས་འབུལ་མང་པོ་ཕུལ་ཏེ་རྟེན་གསུམ་སྣ་ཚོགས་གླང་པོ་ཆེའི་ཁལ་གྱི་སུམ་ཆ་གཉིས། ན་བཟའ་ཆ་ཚང་། ཁལ་མ་གླང་པོ་ཆེ་གཅིག གསེར་ཊམ་ཁྲི། དངུལ་ཊམ་སུམ་ཁྲི། ཁ་ཆེའི་རས་ཡུག་བརྒྱ་ཐམ་པ་སོགས་ཕུལ། ཕྱི་ལོ་༦༤༥ལོར་རྒྱལ་ས་ཁྲང་ཨན་དུ་བདེ་བར་ཕྱགས་ཕེབས། གོང་མས་རྒྱ་གར་ནས་སློབ་དཔོབ་ཀྱིས་བསྣམས་ཡོང་པའི་སྐུ་གསུང་ཐུགས་རྟེན་གནང་སྐྱེས་རྣམས་ལ་བདག་གཉེར་ཡག་པོ་བྱས་ཏེ་ཁྲང་ཨན་ཧུང་སི་བཞུགས་གནས་སུ་གནང་། དགོན་པ་དེའི་ཧྭ་ཤང་ལི་བཞུན་སོགས་དགེ་བཤེས་མཁས་པ་གཉིས་རོགས་རམ་དང་། བློན་པོ་ལིའང་ཀོ་ཀུང་དོ་དམ་པར་བསྐོས་ནས སློབ་དཔོན་གྱིས་རྒྱས་འབྲིང་བསྡུས་གསུམ་དང་། བྱམས་ཆོས་སྡེ་ལྔ་སོགས་བཀའ་བསྟན་པོ་ཏི་བདུན་ཅུ་དོན་ལྔ(ལེ་ཚན་ཆིག་སྟོང་སུམ་བརྒྱ་ཅུ་སོ་ལྔ)རྒྱ་སྐད་དུ་བསྒྱུར་ཞིང་། འགྱུར་རྙིང་འགའ་ཞིག་ལ་འགྱུར་བཅོས་ཀྱང་གནང་། ཚེ་ཨེན་ཟི་སྟེ་བྱམས་པ་གླིང་ཟེར་བའི་དགོན་རྙིང་ལ་ཞིག་གསོས་རྒྱ་སྐྱེད་གནང་སྟེ། གོང་མའི་སྐུ་ཉེ་ཝང་ལིའུ་ཏའོ་ཙུང་ཆེད་དུ་མངགས་ནས་སློབ་དཔོན་འདི་ཉིད་དགོན་པ་དེར་གདན་དྲངས། ཧུང་ཧྥུ་ཟི་ནས་བཙུན་གསར་ལྔ་བཅུ་དང་། དེ་བྱིངས་དགོན་ཀག་སུམ་སྟོང་བདུན་བརྒྱ་ནས་བཙུན་གསར་ལྔ་རེ་བསྡུས་པས་རབ་བྱུང་ཕོ་མོ་ཆིག་ཁྲི་བརྒྱད་སྟོང་དྲུག་བརྒྱ་སུམ་ཅུ་ཡོད་པ་ཞིག་བྱུང་། སློབ་དཔོན་དང་རབ་བྱུང་ཐམས་ཅད་ཀྱི་འཚོ་བ་རྒྱལ་པོའི་མཛོད་ནས་སྦྱར། དགོན་པ་ཆེ་བ་གསུམ་སློབ་དཔོན་ལ་ཕུལ་ཏེ་རེ་ཞིག་བར་སློབ་དཔོན་གྱིས་མཁན་པོ་གནང་། འབུམ་འགྲེལ་སེམས་ལུགས་མ། རྒྱ་ཆེན་སྤྱོད་པའི་དོན་བསྡུས་སྐབས་བརྒྱད་མ། ལང་ཀར་གཤེགས་པའི་མདོའི་འགྲེལ་པ། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་འགྲེལ་པ། མངོན་པ་མཛོད་ཀྱི་འགྲེལ་པ་ཚད་མ་བསྡུས་པ་ལ་སོགས་པའི་བསྟན་བཅོས་མང་པོ་མཛད། འགའ་ཞིག་བོད་སྐད་དུ་བསྒྱུར་བ་དེང་སང་ཡང་བསྟན་འགྱུར་ནང་དུ་བཞུགས། ལོ་བཞི་བཅུའི་རིང་ཆོས་ལུགས་དར་སྤེལ་གནང་ནས། དགུང་ལོ་བཅུ་དྲུག་ཅུ་རེ་གསུམ་པ་ཕྱི་ལོ་༦༦༤ལ་འདས་པར་བཤད།
Foreign རྒྱ་ནག

{{#arraymap:ཐང་ཟན་ཙང་

|; |@@@ | | }}