2134

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་འབྱུང་གི་ལོག་ཞུགས་བཞི་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། སྡུག་བསྔལ་རྒྱུ་མེད་དུ་འཛིན་པ། མཚན་ཉིད་ལྔ་ལྡན་གྱི་གཙོ་བོ་གཅིག་ལྟ་བུ་ཁོ་ནས་བྱས་པར་འཛིན་པ། དབང་ཕྱུག་དང། ཚངས་པ་སོགས་ཀྱིས་བློ་སྔོན་དུ་བཏང་སྟེ་བྱས་པར་འཛིན་པ། རང་བཞིན་རྟག་ལ་གནས་སྐབས་འགྱུར་བར་འཛིན་པ་དང༌། སྲེད་པ་ཉིད་རྒྱུ་ཀུན་འབྱུང་སོགས་ཡིན་པར་འཛིན་པ་རྣམས་ནི། ཀུན་འབྱུང་ལ་ལོག་པར་ཞུགས་པ་ཡིན་ཏེ། ལང་གཤེགས་ལས། གང་ཟག་རྒྱུན་དང་ཕུང་པོ་དང༌། །དེ་བཞིན་རྐྱེན་དང་རྡུལ་དག་དང༌། །གཙོ་བོ་དབང་ཕྱུག་བྱེད་པ་མིན། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ཀུན་འབྱུང་གི་ལོག་ཞུགས་བཞི་

|; |@@@ | | }}