2135
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྒྱུ་ནི། དེའང་ལས་དང་ཉོན་མོངས་པ་དེ་དག་ཀྱང་སྲིད་པ་སྐྱེ་བ་ཕྱི་མ་འགྲུབ་པའི་བག་ཆགས་ས་བོན་འཇོག་པའི་བྱེད་རྒྱུ་ཡིན་པའི་ཕྱིར་རྒྱུའི་མཚན་ཉིད་ཅན་དུ་རིགས་པར་བྱ་བ། ཀུན་འབྱུང་ནི། སེམས་ཅན་ལས་ཀྱི་བག་ཆགས་བསགས་པ་དེ་དང་དེར་ཕན་ཚུན་བྱད་དང་རིགས་འདྲ་བར་འབྱུང་བའི་བྱེད་རྒྱུ་ཡིན་པའི་ཕྱིར་ཀུན་འབྱུང་བའི་མཚན་ཉིད་ཅན་དུ་རིགས་པར་བྱ་བ། རབ་སྐྱེ་ནི། སོ་སོ་རང་རང་གི་རྒྱུ་ཐ་དད་དུ་ངེས་པར་འབྱུང་བ་དང་འགྲོ་བ་དང་སྐྱེ་གནས་ལ་སོགས་པ་རྣམ་པ་ཐ་དད་དུ་འབྱུང་བ་དང་འགྲོ་བའི་མཆོག་ཏུ་སྲིད་པའི་རྩེ་མོར་འབྱུང་བའི་བྱེད་རྒྱུ་ཡིན་པའི་ཕྱིར་རབ་ཏུ་སྐྱེ་བའི་མཚན་ཉིད་ཅན་དུ་རིགས་པར་བྱ་བ། རྐྱེན་ནི། སྔར་མ་ཐོབ་པའི་ལུས་གཞན་དང་གཞན་ཐོབ་པ་དང་ཐོབ་ཟིན་པའི་ལུས་གཞན་དང་གཞན་དུ་འདའ་བའི་བྱེད་རྒྱུ་ཡིན་པའི་ཕྱིར་རྐྱེན་གྱི་མཚན་ཉིད་ཅན་དུ་རིགས་པར་བྱ་བ་དང་བཞིའོ། ། |
Domain | ཆོས་ལུགས། |
{{#arraymap:ཀུན་འབྱུང་གི་སྤྱི་མཚན་བཞི་
|; |@@@ | | }}