2140
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། སྡུག་བསྔལ་སྐྱེད་བྱེད་ཀྱི་འདུ་བྱེད་གང། རྒྱུ་སོགས་ཉེས་དམིགས་ཀྱི་སྒོ་ནས་སྤང་བར་བྱ་བའོ། །དེ་ལ་ཡང་སྲིད་པའི་སྡུག་བསྔལ་གྱི་རྩ་བ་ཡིན་པས་ན་རྒྱུ། རྫས་རིགས་ལ་ལུས་སྐྱེད་པར་བྱེད་པས་ན་ཀུན་འབྱུང་། དྲག་ཏུ་སྐྱེད་པར་བྱེད་པས་ན་རབ་སྐྱེ། སྐྱེ་བ་རྒྱུད་མར་སྐྱེད་པར་བྱེད་པས་ན་རྐྱེན་ནོ། །མཚན་གཞི་ནི། ཉོན་མོངས་པ་དང་། དེའི་དབང་གིས་འབྱུང་བའི་ལས་རྣམས་ཏེ། ཉོན་མོངས་པ་ནི། སྡུག་བསྔལ་གྱི་རྐྱེན་ཡིན་ལ། ལས་ནི་རྒྱུ་ཡིན་པས་སོ། །ཞེས་རེད་མདའ་བའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:ཀུན་འབྱུང་བདེན་པ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཀུན་མཁྱེན་རོང་སྟོན་གྱིས། མཚན་ཉིད་ནི། ཡང་སྲིད་ཀྱི་བག་ཆགས་འཇོག་པས་རྒྱུ་དང། བཞག་པ་དང་མཐུན་པར་སེམས་རིགས་མཐུན་འབྱུང་བར་བྱེད་པས་ན་ཀུན་འབྱུང། འགྲོ་བ་ཐ་དད་པ་དང་སྐྱེ་གནས་ཐ་དད་པར་འབྱེད་པར་བྱེད་པས་ན་རབ་སྐྱེ། ལུས་ཐོབ་པ་འདོར་བ་དང་མ་ཐོབ་པ་ལེེེན་པར་བྱེད་པས་ན་རྐྱེན་ནོ། །བཞི་པོ་ཀུན་འབྱུང་གི་མཚན་ཉིད་དུ་བསྟན་པ་ནི། ཉེས་དམིགས་བསྟན་པས་སྤང་བྱར་ཤེས་པའི་དོན་ནོ། །ཞེས་རྣམ་བཤད་ཚིག་དོན་རབ་གསལ་ལས་གསུངས། |
{{#arraymap:ཀུན་འབྱུང་བདེན་པ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཀུན་མཁྱེན་གོ་རམས་པས། རང་འབྲས་སྡུག་བདེན་གྱི་རྒྱུའི་རིགས་སུ་གནས་པའི་ལས་ཉོན་གང་རུང་གིས་བསྡུས་པའི་ཟག་བཅས་སོ། །མཚན་གཞི་ནི། ཟག་བཅས་ཀྱི་ལས་དང་ཉོན་མོངས་པ་གཉིས་ནི་ཀུན་འབྱུང་བདེན་པའི་མཚན་གཞི་ཡིན་ལ། རྣམ་འགྲེལ་ལས། སྲེད་པ་དེའི་མཚན་གཞིར་བཤད་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། ལས་ཉོན་གཉིས་ཀྱི་ནང་ནས་ཉོན་མོངས་གཙོ་ཆེ། ཉོན་མོངས་པ་ཡང་སྲེད་ལེན་གཉིས་ཀྱི་ནང་ནས་སྲེད་པ་གཙོ་ཆེ་བའི་ཕྱིར་རོ། །ཞེས་ཡུམ་དོན་རབ་གསལ་ལས་གསུངས། པཎ་ཆེན་ཤཱཀ་མཆོག་གིས། ཀུན་འབྱུང་འཕགས་པའི་བདེན་པའི་མཚན་ཉིད། རང་འབྲས་སྡུག་བསྔལ་གྱི་རྒྱུ་གང་ཞིག། རྒྱུ་སོགས་མཚན་ཉིད་བཞིའི་སྒོ་ནས་སྤང་བར་བྱའོ། །མཚན་གཞི་ནི། འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་པ་དང་། དེས་ཀུན་ནས་བསླངས་པའི་ལས་རྣམས་སོ། །འདིར་ཉོན་མོངས་པའི་བག་ལ་ཉལ་དང་། དེའི་ས་བོན་གཉིས་ཀ་ཡང་ཀུན་འབྱུང་གི་བདེན་པར་མི་འཇོག་སྟེ། ཉོན་མོངས་པ་དང་ལས་ཀྱི་ཀུན་འབྱུང་གང་དུ་ཡང་མི་རུང་ཞིང། དེ་ལས་གཞན་པའི་ཀུན་འབྱུང་གི་བདེན་པ་ནི་གཞུང་འགྲེལ་ལས་མ་བཤད་པའི་ཕྱིར་རོ། ། |
{{#arraymap:ཀུན་འབྱུང་བདེན་པ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | འཕགས་པས་སྡུག་བསྔལ་ཀུན་འབྱུང་བའི་རྒྱུར་གཟིགས་པ་དང་མཐུན་པར་དེར་གནས་པས་ན། ཀུན་འབྱུང་འཕགས་པའི་བདེན་པ་ཞེས་བྱའོ། །འདི་ཡང་གཙོ་བོར་བདེ་འགྲོ་འཕེན་བྱེད་ཀྱི་ལས་དང་ཉོན་མོངས་པ་ལ་འཆད་དགོས་པ་ཡིན་ཏེ། ངན་འགྲོའི་དེར་གྱུར་པའི་དེ་དང་དེ་ནི་བྱིས་པས་ཀྱང་དེའི་རྒྱུར་རྟོགས་པའི་ཕྱིར་རོ། །ཞེས་རྒྱན་འགྲེལ་ལུང་རིགས་རོལ་མཚོ་ལས་གསུངས། |
{{#arraymap:ཀུན་འབྱུང་བདེན་པ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སྡུག་བསྔལ་ཀུན་འབྱུང་བའི་རྒྱུའི་གཙོ་བོར་གྱུར་པའི་ལས་དང་ཉོན་མོངས་ལ་ཀུན་འབྱུང་བདེན་པ་ཞེས་འཇོག མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། ཀུན་འབྱུང་བདེན་པའི་མཚན་ཉིད་ཡོད་དེ། ཟག་བཅས་རྒྱུ་དུས་ཀྱི་ཆར་གྱུར་པའི་འཁོར་བས་བསྡུས་པའི་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་བདེན་པ་ཞིག་ལ་འཇོག་པའི་ཕྱིར། དབྱེ་བ་ཡོད་དེ། སྤྱིར་ན་ལས་ཀྱི་ཀུན་འབྱུང་། ཉོན་མོངས་པའི་ཀུན་འབྱུང་གཉིས། དང་པོ་ལ་གསུམ་དུ་ཕྱེ་བའི་འཁོར་བས་བསྡུས་པའི་བསོད་ནམས་ཀྱི་ལས་ལ་མིར་འཕེན་བྱེད་ཀྱི་ལས་དང་འདོད་ལྷར་འཕེན་བྱེད་ཀྱི་ལས་གཉིས་དང། འཁོར་བས་བསྡུས་པའི་བསོད་ནམས་མ་ཡིན་པའི་ལས་ལ་ངན་སོང་གསུམ་དུ་འཕེན་བྱེད་ཀྱི་ལས་གསུམ་དང། འཁོར་བས་བསྡུས་པའི་མི་གཡོ་བའི་ལས་ལ་གཟུགས་གཟུགས་མེད་དུ་འཕེན་བྱེད་ཀྱི་ལས་གཉིས་ཡོད་ཅིང། ཉོན་མོངས་པའི་ཀུན་འབྱུང་ལ་རྩ་ཉོན་དྲུག་དང་ཉེ་ཉོན་ཉི་ཤུ་རྣམས་སུ་ཡོད་པའི་ཕྱིར། ཡང་རྣམ་པའི་སྒོ་ནས་དབྱེ་ན་བཞི་ཡོད་དེ། རྒྱུ། ཀུན་འབྱུང། རབ་སྐྱེ། རྐྱེན་གྱི་རྣམ་པ་བཞི་ཡོད་པའི་ཕྱིར་རོ། ། |
{{#arraymap:ཀུན་འབྱུང་བདེན་པ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མདོ། ཀུན་འབྱུང་བདེན་པ་ཡང་སྤྱིར་ཁམས་གསུམ་གྱི་ཉོན་མོངས་དང། ལས་ཐམས་ཅད་ཡིན་ཀྱང་གཙོ་བོར་གྱུར་པ་སྲེད་པ་ཡིན་ཏེ། དེའི་རྒྱུ་མཚན་ཡང་སྲིད་པར་ཉིང་མཚམས་སྦྱོར་བའི་རྒྱུ་གཙོ་བོ་སྲེད་པ་ཡིན་གྱི་གཞན་ཞེ་སྡང་སོགས་ཀྱིས་སྐྱེ་བའི་དངོས་རྒྱུ་མི་བྱེད་པའི་ཕྱིར་རོ། ། |
Domain | ཆོས་ལུགས། |
{{#arraymap:ཀུན་འབྱུང་བདེན་པ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | དགའ་བྱང་ཡིག་ཆར། ཀུན་འབྱུང་བདེན་པ་ཞེས་པ་ནི་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་བདེན་པ་གང་ཞིག རྒྱུ་ཀུན་འབྱུང་རབ་སྐྱེ་རྐྱེན་བཞིས་ཁྱད་པར་དུ་བྱས་པའི་ཟག་བཅས་ཞིག་ལ་ཟེར། དེ་ལྟར་ཡང་མཁས་མཆོག་བྱམས་པ་བཀྲ་ཤིས་ཀྱིས་མཛད་པའི་དགའ་བྱང་ཡིག་ཆ་ཕར་ཕྱིན་མཐའ་དཔྱོད་ལས། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་བདེན་པ་གང་ཞིག རྒྱུ་ཀུན་འབྱུང་རབ་སྐྱེ་རྐྱེན་བཞིའི་ཁྱད་ཆོས་དང་ལྡན་པའི་རབ་ཕྱེ་བ། ཀུན་འབྱུང་བདེན་པའི་མཚན་ཉིད་ཅེས་གསུངས། |
{{#arraymap:ཀུན་འབྱུང་བདེན་པ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | བཀྲས་ལྷུན་ཐོས་བསམ་གླིང་གི་ཡིག་ཆར། ཉོན་མོངས་པའམ། །དེའི་དབང་གིས་བྱུང་བའི་ལས་གང་རུང་གི་བསྡུས་པའི་ཟག་བཅས་གང་ཞིག། རྒྱུ། ཀུན་བྱུང༌། །རབ་སྐྱེ། རྐྱེན་དང་བཅས་པའི་ཁྱད་ཆོས་བཞི་ལྡན་གྱི་རིགས་སུ་གནས་པ་དེའོ། །རིགས་གནས་སྨོས་པ་ལ་དགོས་པ་ཡོད་དེ། དགྲ་བཅོམ་པའི་ཐུགས་རྒྱུད་ཀྱི་ཟག་བཅས་ཀྱི་ལས་རྣམས་ཀྱང་དེར་བསྡུ་བར་བྱ་བའི་ཆེད་ཡིན་པའི་ཕྱིར། སྲེད་པ་ཆོས་ཅན། རྒྱུའི་རྣམ་པ་ཡིན་ཏེ། སྡུག་བསྔལ་གྱི་བདེན་པ་སྐྱེད་བྱེད་ཡིན་པའི་ཕྱིར། ཀུན་འབྱུང་བའི་རྣམ་པ་ཡིན་ཏེ། སྡུག་བསྔལ་གྱི་རྫས་རིགས་ཀུན་འབྱུང་བའི་གནས་ཡིན་པའི་ཕྱིར། རབ་སྐྱེའི་རྣམ་པ་ཡིན་ཏེ། སྡུག་བསྔལ་དྲག་ཏུ་བསྐྱེད་བྱེད་ཡིན་པའི་ཕྱིར། རྐྱེན་གྱི་རྣམ་པ་ཡིན་ཏེ། སྡུག་བསྔལ་གྱི་ལྷན་ཅིག་བྱེད་རྐྱེན་གྱི་གཙོ་བོ་ཡིན་པའི་ཕྱིར། ཀུན་འབྱུང་གི་བདེན་པ་ལ་དབྱེ་ན། ཉོན་མོངས་པའི་ཀུན་འབྱུང་བདེན་པ་དང༌། ལས་ཀྱི་ཀུན་འབྱུང་བདེན་པ་གཉིས་སུ་ཡོད་དེ༌། ཀུན་བཏུས་ལས།ཀུན་འབྱུང་བདེན་པ་གང་ཞེ་ན། ཉོན་མོངས་པ་དང་དབང་གིས་བྱུང་བའི་ལས་སོ།། ཞེས་གསུངས་ཤིང༌། ཉོན་མོངས་པའི་ཀུན་འབྱུང་གི་བདེན་པ་ལ། རྩ་བའི་ཉོན་མོངས་པ་དྲུག་གམ་བཅུ། ཉེ་བའི་ཉོན་མོངས་པ་ཉི་ཤུའམ།བརྒྱད་ཁྲི་བཞི་སྟོང་ཡོད། སྤྱིར་ནི་ཉེ་ཉོན་ལ་གྲངས་ཀྱི་མཐའ་ཡོད་པ་མ་ཡིན་ཏེ། རྒྱུད་བླ་མ་ལས། ཉེ་བའི་ཉོན་མོངས་སྦུབས་ཀྱིས་ནི། །དབྱེ་བ་དབྱེ་བ་མཐའ་ལས་འདས། །ཞེས་གསུངས་པའི་ཕྱིར། ཉོན་མོངས་པ་འདི་ནི་བསམ་གྱིས་མི་ཁྱབ་པའི་ཉེས་དམིགས་དང་ལྡན་ཏེ།དེ་ལྟར་དུ་མདོ་སྡེ་རྒྱན་ལས་གསུངས་པའི་ཕྱེར་ཏེ།དེ་ཉིད་ལས།ཉོན་མོངས་རྣམས་ཀྱིས་བདག་འཇོམས་སེམས་ཅན་འཇོམས་ཤིང་ཚུལ་ཁྲིམས་འཇོམས། ཉམས་བཅས་རྙེད་པ་དམན་ཞིང་བསྲུང་དང་དེ་བཞིན་སྟོན་པས་སྨོད། རྩོད་བཅས་མི་སྙན་དེ་ཉིད་གཞན་དུ་མི་ཁོམ་རྣམས་སུ་སྐྱེ། ཐོབ་དང་མ་ཐོབ་ཉམས་པས་ཡིད་ལ་སྡུག་བསྔལ་ཆེན་པོ་ཐོབ། ཅེས་གསུངས་པའི་ཕྱིར། |
{{#arraymap:ཀུན་འབྱུང་བདེན་པ་
|; |@@@ | | }}