21459

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐབས་ཀྱི་མཛད་པ་ཡོངས་སུ་རྫོགས་པའི་ལེའུ་ (1)
Part of speech མིང་ཚིག
Definition མདོ་དགོངས་པ་འདུས་པའི་ལེའུ་བཞི་བཅུ་ཞེ་གཅིག་པ་ཡིན། ལེའུ་འདི་རྒྱུད་དེའི་བཤད་རྒྱུད་དུ་གཏོགས་ཤིང་། ནང་དོན་ལ་བྱུང་ཚུལ་བཅུ་གཉིས་ཀྱི་དགུ་པ་གང་གི་ཆེད་དུ་མཛད་པའི་བྱུང་ཚུལ་ལ། ཐབས་ཀྱི་མཛད་པ་བསྟན་པ་དེར་སྤྱོད་པ་ཐ་དད་པའི་ཐབས་དང། གཟུགས་ཐ་དད་པའི་ཐབས་དང། སྒྲ་ཐ་དད་པའི་ཐབས་དང། ལྟ་བ་ཐ་དད་པའི་ཐབས་དང། ཐབས་ཐ་དད་པའི་ཐབས་དང། དོན་ཐ་དད་པའི་ཐབས་སྦྱིན་པ་དང། འདོད་པ་ཐ་དད་པའི་ཐབས་བཅས་བསྟན། རྒྱུད་ཆེན་པོ་འདིའི་ལུགས་ལ་ཆོས་ཉིད་བརྒྱུད་ནས་སྟོན་པ་དང་ཅར་ཕོག་ཏུ་སྟོན་པ་ལ་དྲང་དོན་ངེས་དོན་དུ་བྱས་པ་ལ་ལེའུ་འདིས་དྲང་དོན་སྟོན་ཞེས་གཟི་ལྡན་འཆར་ཁའི་འོད་སྣང་དུ་གསལ། བཀའ་འགྱུར་རྙིང་རྒྱུད་ཀ་པར་བཞུགས།

{{#arraymap:ཐབས་ཀྱི་མཛད་པ་ཡོངས་སུ་རྫོགས་པའི་ལེའུ་

|; |@@@ | | }}