2146
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། ཀུན་འབྱུང་བདེན་པའི་ཁྱད་ཆོས་སུ་གྱུར་པའི་རབ་སྐྱེ་ཞེས་པ་ནི་སྡུག་བསྔལ་བ་དེ་མི་མཐུན་པའི་རྒྱུ་སྒྲའི་ཚངས་པ་ལྟ་བུ་རང་བཞིན་རྟག་པ་དེ་གནས་སྐབས་འགྱུར་བ་སོང་བ་ལས་སྐྱེ་བར་འཛིན་པའི་གཉེན་པོར་མདོ་ལས་གསུངས་ཞིང་རང་འབྲས་སྡུག་བསྔལ་ཤུགས་དྲག་སྐྱེད་པར་བྱེད་པའི་རིགས་སུ་གནས་པས་ན་རབ་སྐྱེ་ཞེས་བྱའོ། །དེ་ལྟར་ཡང་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་སྡེ་བདུན་ཡིད་ཀྱི་མུན་སེལ་ལས། དེ་ཡང་སྡུག་བསྔལ་རྒྱུ་མེད་དུ་འཛིན་པ་དང། རྒྱུ་གཅིག་པོ་ཁོ་ནར་འཛིན་པ་དང། སྒྲའི་ཚངས་པ་འགྱུར་པས་བྱས་པར་འཛིན་པ་དང། དབང་ཕྱུག་སོགས་ཀྱི་བློ་སྔོན་དུ་བཏང་ནས་བྱས་པར་འཛིན་པ་སྟེ། སྒྲོ་འདོགས་བཞི་པོ་དེ་ལྡོག་པའི་ཕྱིར་དུ་བསྟན་པ་ཀུན་འབྱུང་བདེན་པའི་རྣམ་པ་བཞི་སྟེ། སྡུག་བསྔལ་གྱི་ངོ་བོ་སྐྱེད་པས་རྒྱུ་དང། སྡུག་བསྔལ་རྫས་རིགས་ཀུན་གྱི་འབྱུང་ཁུངས་སུ་གྱུར་པས་ཀུན་འབྱུང། སྡུག་བསྔལ་དྲག་ཏུ་སྐྱེད་པས་རབ་སྐྱེ། སྡུག་བསྔལ་བརྒྱུད་མར་ལན་མང་དུ་སྐྱེད་པས་རྐྱེན་གྱི་རྣམ་པ་དང་བཞིའོ། །ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:ཀུན་འབྱུང་བདེན་པའི་ཁྱད་ཆོས་སུ་གྱུར་བའི་རབ་སྐྱེ་
|; |@@@ | | }}