21463

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐབས་ཀྱི་འདྲེན་པ་ས་ལམ་མཁན་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མཛད་ཐབས་བཅུ་གཅིག་གི་ནང་གསེས་ཤིག་སྟེ། འདུལ་བྱེད་སྟོན་པ་ནི་གསང་བའི་ཉེ་ལམ་འདོད་པ་རྣམས་ལ་མ་ནོར་བའི་ལམ་དུ་ཁྲིད་པའི་ས་ལམ་མཁན་དང་འདྲ་བར་དོན་མཛད་པ་སྟེ། གཟི་ལྡན་འཆར་ཁའི་འོད་སྣང་ལས། ང་ནི་ཐབས་ཀྱི་འདྲེན་པ་ས་ལམ་མཁན་ཏེ། འགྲོ་བ་ལམ་ཕྱིན་ཅི་ལོག་ཏུ་གོལ་ནས་ཡང་དག་པའི་ལམ་སྟོར་བ་རྣམས། མ་ནོར་བའི་ལམ་དུ་ཁྲིད་པར་དམ་བཅས་ཀྱིས། གསང་བ་སྔགས་ཀྱི་ཡང་དག་པའི་ཉེ་ལམ་འདོད་པ་རྣམས་ལམ་འདིར་ཤོག་ཅིག ཅེས་གསུངས།
Domain ཆོས་ལུགས།

{{#arraymap:ཐབས་ཀྱི་འདྲེན་པ་ས་ལམ་མཁན་

|; |@@@ | | }}