21465
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། སྟོང་ཉིད་རྟོགས་པའི་ཤེས་རབ་དང༌། འབྲས་ཡུམ་སྒྲུབ་པའི་ཐབས་མཁས་ཁྱད་པར་ཅན་གཉིས་ཀྱིས་ཟིན་པའི་ཐེག་ཆེན་འཕགས་པའི་མངོན་རྟོགས་གང་ཞིག ཐེག་དམན་གྱི་རྟོགས་རིགས་སུ་གནས་པ་དེ། ཐབས་ཀྱི་རིང་བ་མིན་པའི་གཞི་ཤེས་ཀྱི་མཚན་ཉིད་ཡིན། དེ་དང་འབྲས་ཡུམ་ལ་ཉེ་བའི་གཞི་ཤེས། བྱང་འཕགས་ཀྱི་རྒྱུད་ཀྱི་གཞི་ཤེས་རྣམས་དོན་གཅིག ཉན་ཐོས་ཀྱི་མཐོང་ལམ་དེ་ལ་ཐབས་མ་ཡིན་པའི་རིང་བའི་གཞི་ཤེས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་འབྲས་ཡུམ་སྒྲུབ་པའི་ཐབས་མཁས་ཁྱད་པར་ཅན་དང་བྲལ་བའི་སྒོ་ནས། འབྲས་ཡུམ་ལ་རིང་བའི་གཞི་ཤེས་ཡིན་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། བྱང་འཕགས་ཀྱི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་མཁྱེན་པ་ཆོས་ཅན། ཁྱོད་ལ་ཐབས་ཀྱི་རིང་བ་མ་ཡིན་པའི་གཞི་ཤེས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་འབྲས་ཡུམ་སྒྲུབ་པའི་ཐབས་མཁས་ཁྱད་པར་ཅན་གཉིས་ཀྱིས་ཟིན་པའི་སྒོ་ནས། འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་དུ་བརྗོད་པའི་ཕྱིར། བདེན་འཛིན་གྱིས་བཅིངས་པའི་ཉན་ཐོས་ཀྱི་མཐོང་ལམ་ཆོས་ཅན། ཁྱོད་ལ་མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། མི་མཐུན་ཕྱོགས་སུ་གྱུར་པའི་བདེན་འཛིན་གྱིས་བཅིངས་པའི་གཞི་ཤེས་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། བྱང་འཕགས་ཀྱི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་མཁྱེན་པ་ཆོས་ཅན། ཁྱོད་ལ་གཉེན་པོ་གཞི་ཤེས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གང་ཟག་གི་བདག་འཛིན་གྱི་གཉེན་པོར་གྱུར་པའི་སྒོ་ནས་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་གཞི་ཤེས་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། |
Domain | ཆོས་ལུགས། |
{{#arraymap:ཐབས་ཀྱི་རིང་བ་མིན་པའི་གཞི་ཤེས་
|; |@@@ | | }}