21468
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འཕགས་པ་སྤྲིན་ཆེན་པོ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། ༡ སྤྲིན་ཆེན་པོའི་མདོ་ལ་བདག་ཏུ་འཛིན་ཅིང་བདག་གིར་འཛིན་ལ། བདག་ཏུ་འཛིན་པ་མེད་ཅིང་བདག་གིར་འཛིན་པ་མེད་པ་ཞེས་བྱ་བའི་ལྡེམ་པོ་དག་གམ། གཞིའི་བྱེ་བྲག་ལ་འཇུག་པ་རྨོངས་པའི་ཚུལ་ཅན་གྱི་ཆོས་ཀྱི་ཐབས་ཀྱི་རྒྱུན་གྱི་རྣམ་པར་ཐར་པའི་སྒོ། ༢ འཇིགས་པའི་ཚུལ་དང་། ཕལ་པའི་ཚུལ་དུ་འཇུག་ལ་འཇིགས་པ་མེད་པ་ཞེས་བྱ་བ། ༣ འདོད་ཆགས་ཀྱི་སྦྱོར་བ་ཡོད་ལ་འདོད་ཆགས་དང་བྲེལ་བ་ཞེས་བྱ་བ། ༤ སྐྱོན་དང་སྐྱོན་རབ་དང་ལྡན་ལ་སྐྱོན་མེད་པ་ཞེས་བྱ་བ། ༥ གཏི་མུག་ཅིང་རབ་ཏུ་གཏི་མུག་ཀྱང་མེད་པ་ཞེས་བྱ་བ། ༦ འདོད་ཆགས་ཤིང་རབ་ཏུ་འདོད་ཆགས་ལ་འདོད་ཆགས་དང་བྲལ་བ་ཞེས་བྱ་བ། ༧ ཆགས་ཤིང་ཤིན་ཏུ་ཆགས་ལ་ཆགས་པ་མེད་པ་ཞེས་བྱ་བ། ༨ ཞེན་ཅིང་ཤིན་ཏུ་ཞེན་ལ་ཞེན་པ་མེད་པ་ཞེས་བྱ་བ། ༩ སྐྱོན་ཆགས་ཤིང་རབ་ཏུ་སྐྱོན་ཆགས་ལ་སྐྱོན་ཆགས་པ་མེད་པ་ཞེས་བྱ་བ། ༡༠ མུན་ནག་ཅིང་ཤིན་ཏུ་ནག་ལ་རབ་ཏུ་སྣང་བ་ཞེས་བྱ་བ། ༡༡ རྟུལ་ཞིང་རབ་ཏུ་རྟུལ་ལ་ཤིན་ཏུ་རྣོ་བ་ཞེས་བྱ་བ། ༡༢ གཅོད་ཅིང་འབྱེད་ལ་ཤིན་ཏུ་སྙིང་བརྩེ་བ་ཞེས་བྱ་བ། ༡༣ བརླང་ཞིང་ཤིན་ཏུ་སྡིག་བྱེད་ལ་བྱམས་པ་ལ་སོགས་པ་དང་ལྡན་པ་ཞེས་བྱ་བ། ༡༤ སྦྱིན་པ་ལ་སྨོད་ཅིང་རབ་ཏུ་སྨོད་ལ་སྦྱིན་པ་བསྔགས་པར་སྐྱེད་པ་ཞེས་བྱ་བ། ༡༥ སྨད་ཅིང་ཤིན་ཏུ་སྨད་ལ་སྨད་དུ་མེད་པ་ཞེས་བྱ་བ། ༡༦ རྟག་ཏུ་བདག་བསྟོད་ཅིང་གཞན་སྨོད་ལ་ལས་ཀྱང་རྣམ་པར་དག་པ་ཞེས་བྱ་བ། ༡༧ ཆགས་ཤིང་རབ་ཏུ་ཆགས་ལ་ཆགས་པའང་མེད་པ་ཞེས་བྱ་བ། ༡༨ མི་མཉམ་ཞིང་ཤིན་ཏུ་མི་མཉམ་ལ་མི་མཉམ་པའང་མ་ཡིན་པ་ཞེས་བྱ་བ། ༡༩ སྡུག་བསྔལ་ཞིང་མི་བདེ་ལ་བདེ་བ་ཞེས་བྱ་བ། ༢༠ སྟོང་ཞིང་ཤིན་ཏུ་སྟོང་ལ་སྟོང་པ་མ་ཡིན་པ་ཞེས་བྱ་བ། ༢༡ མི་རྟག་ཅིང་ཤིན་ཏུ་མི་རྟག་ལ་ཤིན་ཏུ་རྟག་པ་ཞེས་བྱ་བ། ༢༢ བདག་མེད་པར་གྱུར་ལ་ཤིན་ཏུ་བདག་ཉིད་དུ་གྱུར་པ་ཞེས་བྱ་བ། ༢༣ མི་སྡུག་ཅིང་ཤིན་ཏུ་སྡུག་ལ་ཤིན་ཏུ་སྡུག་པ་ཞེས་བྱ་བ་བཅས་སོ། ། |
Domain | ཆོས་ལུགས། |
{{#arraymap:ཐབས་ཀྱི་རྒྱུན་རྣམ་པར་ཐར་པའི་སྒོ་ཉེར་གསུམ་
|; |@@@ | | }}