21488

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐབས་ཆེན་དྲུག་གི་རིམ་པ་བསྟན་པ་ (1)
Part of speech མིང་ཚིག
Definition དགེ་བ་ཆུང་ངུ་ཆེན་པོར་བསྒྱུར་བའི་ཐབས། ། ཅུང་ཟད་བསྔོ་དང་རྗེས་སུ་ཡི་རང་བྱེད། །ཚེགས་ཆུང་བསོད་ནམས་ཆེན་པོ་བསྒྲུབ་པའི་ཐབས། །འཕགས་པའི་གཉེན་གནས་གཞན་དང་ལམ་དུ་འཇུག ། གཞན་གྱི་ཞེ་འགྲས་ཁོང་ཁྲོ་སེལ་བའི་ཐབས། །སེམས་ཅན་མཐུན་འཇུག་ལས་བཞིས་ཕན་འདོགས་བྱེད། །ཐ་མལ་འགྲོ་བ་བསྟན་ལ་དྲངས་བའི་ཐབས། །མཐུན་པའི་གཏམ་སྨྲ་ཟས་གོས་ལོངས་སྤྱོད་སྦྱིན། །ལམ་ཞུགས་སྐྱེ་བ་སྨིན་པར་བྱེད་པའི་ཐབས། །གང་མོས་བློ་ཁྲིད་ཐེག་ཆེན་བསྔགས་པ་བརྗོད། །སྨིན་པ་དེ་དག་གྲོལ་བར་བྱེད་པའི་ཐབས། །ཟབ་ཅིང་རྒྱ་ཆེན་གནད་འགྲོའི་ཆོས་རབ་བསྟན། །དེ་དག་དང་ལྡན་གཞན་དོན་དཀའ་བ་མེད། ། ཅེས་སོ། །
Domain ཆོས་ལུགས།

{{#arraymap:ཐབས་ཆེན་དྲུག་གི་རིམ་པ་བསྟན་པ་

|; |@@@ | | }}