2149
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཨ་ནུ་ཡོ་ག རྙིང་མ། ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ་ནི། ཉན་ཐོས་ཀྱི་ཐེག་པ་དང་། རང་རྒྱལ་གྱི་ཐེག་པ་དང་། བྱང་སེམས་ཀྱི་ཐེག་པ་བཅས་གསུམ་སྟེ། འདི་དག་ལ་ཀུན་འབྱུང་འདྲེན་པའི་ཐེག་པ་ཞེས་ཐོགས་པའི་དོན་ཡང་། སྡོམ་གསུམ་རྣམ་ངེས་ཀྱི་མཆན་འགྲེལ་རིག་འཛིན་འཇུག་ངོགས་ལས། ཐེག་པ་དེ་གསུམ་པོ་སངས་རྒྱས་ཀྱི་ཞིང་ཀུན་ཏུ་འབྱུང་ཞིང་། གདུལ་བྱ་ཐར་པར་འདྲེན་པའི་ལམ་ཡིན་པས་ཀུན་འབྱུང་འདྲེན་པའི་ཐེག་པ་ཞེས་ཀྱང་བྱའོ། །ཞེས་གསུངས། འདི་ལ་འོད་གསལ་སྙིང་པོ་ལས། ངེས་འབྱུང་འདྲེན་པའི་ཐེག་པ་ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ་
|; |@@@ | | }}