21492

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐབས་དང་ཤེས་རབ་ཀྱིས་མངོན་པར་བསྒྲུབས་པའི་ལམ་བརྩམ་པའི་ཁྱད་པར་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་སུམ་ཅུ་པ་ལས་བྱུང་བ་སྟེ། ༡ སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་བ་མེད་པའི་ཏིང་ངེ་འཛིན་ཤིན་ཏུ་བསྒོམས་པའི་ཡིད་དང་ཡང་ལྡན་ལ། བསོད་ནམས་དང༌། ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡང་ཡང་དག་པར་གསོག་པ་ཡིན། ༢ བདག་མེད་པ་དང༌། གསོ་བ་མེད་པ་དང༌། གང་ཟག་མེད་པའི་ཆོས་ལའང་རབ་ཏུ་འཇུག་ལ། ཚད་མེད་པ་བཞི་མངོན་པར་སྒྲུབ་པ་ཡང་ཡོངས་སུ་མི་གཏོང་བ་ཡིན། ༣ བསོད་ནམས་ཀྱི་ཚོགས་ཀྱིས་ཤིན་ཏུ་མཐོ་བའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པའང་མངོན་པར་སྒྲུབ་ལ། ཆོས་གང་ལ་ཡང་མངོན་པར་ཆགས་པ་མེད་པ་ཡིན། ༤ ཁམས་གསུམ་པ་ལས་དབེན་པར་གྱུར་པའང་ཐོབ་ལ་ཁམས་གསུམ་པ་བསྡུ་བ་དང༌། རྒྱན་མངོན་པར་བསྒྲུབ་པའང་མངོན་པར་སྒྲུབ་པ་ཡིན། ༥ ཉོན་མོངས་པ་འབར་བ་ཐམས་ཅད་ཤིན་ཏུ་ཞི་ཞིང་རབ་ཏུ་ཞི་སྟེ། ཉེ་བར་ཞི་བ་ཡང་ཡིན་ལ། སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ཉོན་མོངས་པའི་མེ་ལྕེ་རབ་ཏུ་ཞི་བར་མངོན་པར་བསྒྲུབ་པའང་མངོན་པར་སྒྲུབ་པ་ཡིན། ༦ སྒྱུ་མ་དང༌། རྨི་ལམ་དང༌། མིག་ཡོར་དང་། སྒྲ་བརྙན་དང༌། ཆུའི་ཟླ་བ་དང༌། གཟུགས་བརྙན་དང༌། སྤྲུལ་པའི་རང་བཞིན་ལྟ་བུར་ཡོད་པ་དང༌། མེད་པ་དང༌། གཉིས་ཀ་མ་ཡིན་པ་ཐམས་ཅད་ཀྱང་ཁོང་དུ་ཆུད་ལ། ལས་དང་བྱ་བ་རྣམ་པར་ཕྱེ་བ་ཚད་མེད་པའི་བསམ་པ་ཡང་མངོན་པར་སྒྲུབ་པ་ཡིན། ༧ ཞིང་གི་ཐ་གྲུ་ནམ་མཁའ་དང་མཉམ་པར་ཤིན་ཏུ་བསྒོམས་པའི་ཡིད་དང་ལྡན་ལ། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་ཞིང་བསྒྲུབ་པ་དང༌། རྒྱན་ཀྱང་མངོན་པར་སྒྲུབ་པ་ཡིན། ༨ སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དང༌། ཆོས་དང༌། སྐུ་ནམ་མཁའ་ལྟ་བུར་ཡང་རབ་ཏུ་འཇུག་ལ། གཟུགས་དང༌། མཚན་དང༌། དཔེ་བྱད་བཟང་པོ་བསྡུ་ཞིང་རྒྱན་མངོན་པར་བསྒྲུབ་པ་ཡང་མངོན་པར་སྒྲུབ་པ་ཡིན། ༩ དེ་བཞིན་གཤེགས་པའི་གསུང་རང་བཞིན་གྱིས་ཞི་ཞིང་བརྗོད་དུ་མེད་པའི་སྒྲ་དབྱངས་དང་ལྡན་པར་ཡང་ཡིད་ཆེས་ལ། སེམས་ཅན་ཐམས་ཅད་ཀྱི་དབྱངས་ཀྱི་ཡན་ལག་རྣམ་པར་ཕྱེ་བའི་རྒྱན་མངོན་པར་བསྒྲུབ་པ་ཡང་མངོན་པར་སྒྲུབ་པ་ཡིན། ༡༠ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྐད་ཅིག་གཅིག་ཏུ་དུས་གསུམ་ཐུགས་སུ་ཆུད་པར་ཡང་ཁོང་དུ་ཆུད་ལ། དུས་དང་བསྐལ་པའི་གྲངས་མཚན་ཉིད་ཐ་དད་པ་ལའང་སེམས་ཅན་གྱི་བསམ་པ་རྣམ་པར་བསྒོམ་པའི་ཕྱིར་རྗེས་སུ་འཇུག་པ་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:ཐབས་དང་ཤེས་རབ་ཀྱིས་མངོན་པར་བསྒྲུབས་པའི་ལམ་བརྩམ་པའི་ཁྱད་པར་བཅུ་

|; |@@@ | | }}