21502
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། མ་ཧཱ་ཡོ་ག རྙིང་མ། ཕྱོགས་བཅུའི་མུན་སེལ་ལས། ཐབས་བསྐྱེད་པའི་རིམ་པ་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཡེ་ནས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་ཏེ་རང་བཞིན་གྱིས་རྣམ་པར་དག་པ་ལས། ཕྱིས་ལམ་གྱིས་སྔར་སངས་རྒྱས་མ་ཡིན་པ་སངས་རྒྱས་སུ་བསྒྲུབ་པ་ལྟ་བུ་ནི་མ་ཡིན་ཏེ། འགྲོ་བ་ཀུན་ལ་ཡེ་ནས་དེ་ལྟར་གནས་པ་ནི་གཞི་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རང་ཆས་སུ་ལྡན་པའི་རང་བཞིན་ཏེ། དེ་ལྟར་རྟོགས་ནས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱིས་ཡེ་ནས་ཡིན་པའི་དཀྱིལ་འཁོར་ལ་ཡིན་པར་ཤེས་པའི་དཀྱིལ་འཁོར་དུ་གསལ་འདེབས་ཤིང་བསྒོམ་པར་བྱའོ། །ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:ཐབས་བསྐྱེད་པའི་རིམ་པ་
|; |@@@ | | }}