21507

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐབས་མ་ཡིན་པའི་རིང་བའི་གཞི་ཤེས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བདེན་འཛིན་གྱིས་བཅིངས་པའི་རིགས་སུ་གནས་པའི་སྒོ་ནས་འབྲས་ཡུམ་སྒྲུབ་པའི་ཐབས་མཁས་ཁྱད་པར་ཅན་དང་བྲལ་བའི་ཐེག་དམན་འཕགས་པའི་མངོན་རྟོགས་དེ། ཐབས་མ་ཡིན་པའི་རིང་བའི་གཞི་ཤེས་ཀྱི་མཚན་ཉིད་ཡིན། དེ་དང་འབྲས་ཡུམ་ལ་རིང་བའི་གཞི་ཤེས་དང༌། མི་མཐུན་ཕྱོགས་ཀྱི་གཞི་ཤེས། ཐེག་དམན་འཕགས་པའི་མངོན་རྟོགས་རྣམས་དོན་གཅིག དེས་ན་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ཐབས་མ་ཡིན་པའི་རིང་བའི་གཞི་ཤེས་དང། དེ་འདྲའི་མི་མཐུན་ཕྱོགས་ཀྱི་གཞི་ཤེས་སྤྱིར་ཡོད་ཀྱང་སྐབས་གསུམ་པ་འདིར་དེ་དག་དངོས་སུ་མི་སྟོན་པའི་ཕྱིར། བདེན་འཛིན་གྱིས་བཅིངས་པའི་དེ་རྣམས་དངོས་སུ་སྟོན་པའི་རྒྱུ་མཚན་ཡོད་དེ། ཐེག་དམན་གྱི་མངོན་རྟོགས་དེ་ལ་བདེན་འཛིན་གྱིས་བཅིངས་པའི་ཐེག་དམན་གྱི་མངོན་རྟོགས་ཤས་ཆེ་བའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར།
Domain ཆོས་ལུགས།

{{#arraymap:ཐབས་མ་ཡིན་པའི་རིང་བའི་གཞི་ཤེས་

|; |@@@ | | }}