21515
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཉི་མའི་སྙིང་པོ་ཐེག་པ་ཆེན་པོའི་མདོ་ལས་བྱུང་བ་སྟེ། ༡ འདི་ལྟར་ཉི་མས་མྱུ་གུ་སྨིན་པར་བྱེད་པ་ལྟར། བྱང་ཆུབ་སེམས་དཔའ་དཔའི་ཏིང་ངེ་འཛིན་ཉི་མ་ལྟ་བུས་སེམས་ཅན་རྣམས་ལ་བྱང་ཆུབ་ཀྱི་མྱུ་གུ་སྨིན་པར་མཛད་དོ། ། ༢ ཉི་མ་ལ་དབྲི་བཀོལ་མེད་པར་ལྟར། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་ཐུགས་རྗེ་ནི། སེམས་ཅན་ཐམས་ཅད་ལ་སྙོམས་པར་མཛད་དོ། ། ༣ ཉི་མས་ཉལ་ཉིལ་སྲེག་པ་ལྟར། བྱང་ཆུབ་སེམས་དཔའི་ལྷག་མཐོང་གི་ཤེས་རབ་ཀྱིས་ཉོན་མོངས་པའི་ཉལ་ཉིལ་རྣམས་སྲེག་པར་བྱེད་དོ། ། ༤ ཉི་མས་འཁྱགས་པ་འཇུ་བ་ལྟར། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གཉེན་པོ་ཡེ་ཤེས་དང་ལྡན་པས་ཉོན་མོངས་པ་འཁྱགས་པ་འཇུ་བ་བྱེད་དོ། ། ༥ ཉི་མས་མུན་པ་སེལ་བ་ལྟར། བྱང་ཆུབ་སེམས་དཔའི་སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས་གཟུང་བ་དང་འཛིན་པའི་མུན་པ་སེལ་བར་བྱེད་དོ། ། ༦ ཉི་མས་གླིང་བཞི་འཁོར་བ་ལྟར། བྱང་ཆུབ་སེམས་དཔའི་འཕྲིན་ལས་ཕུན་སུམ་ཚོགས་པས་སྡུག་བསྔལ་གྱི་ཆུ་བོ་བཞི་ལས་ཐར་བར་མཛད་དོ། ། ༧ ཉི་མས་ཀུན་ལ་སྙོམས་པར་དྲོ་བ་བཞིན་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཕུན་སུམ་ཚོགས་པས་སེམས་ཅན་ཐམས་ཅད་ལ་རབ་དགའ་བར་མཛད་པའི་ཐབས་ནི། དྲོ་བ་ལས་ལྟ་བུའོ། ། |
Domain | ཆོས་ལུགས། |
{{#arraymap:ཐབས་མཁས་པའི་ཉི་མའི་ཏིང་འཛིན་རྣམ་པ་བདུན་
|; |@@@ | | }}