21524
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྡོམ་གསུམ། ཐབས་ལ་མི་མཁས་པའི་བྱམས་སྙིང་རྗེ་ནི་ངན་སོང་རྒྱུ་རུ་ཐུབ་པས་གསུངས་པའི་ཕྱིར་ཏེ། མདོ་སྡེ་མཛངས་བླུན་ལས། ཞལ་ཏ་པས། དགེ་འདུན་གྱིས་དབྱར་གནས་པའི་མཐུན་རྐྱེན་གྱི་རིན་པོ་ཆེ་སྦྱིན་བདག་གིས་ཕུལ་བ་རྣམས། རང་གི་ཉེ་དུ་རྣམས་ལ་ཕན་འདོགས་པའི་བློས་སྦྱིན་པས། ཞལ་ཏ་བ་ནི་ལྗོན་ཤིང་ལྟ་བུའི་སེམས་ཅན་དམྱལ་བ་པ་དང། གཞན་རྣམས་ནི་ཤིང་གི་སྲིན་བུར་གྱུར་ནས་ཟ་ཞིང་ཐམས་ཅད་ཀྱང་དམྱལ་བའི་མེས་བསྲེགས་པའི་སྡུག་བསྔལ་དང་ལྡན་པར་བཤད་པའི་ཕྱིར་རོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་གྱི་རྣམ་བཤད་ཟླ་འོད་ནོར་བུ་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:ཐབས་མི་མཁས་པའི་བྱམས་སྙིང་
|; |@@@ | | }}