21526
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། མཧཱཡོག རྙིང་མ། ཐབས་མྱུར་བའི་རྒྱུ་མཚན་བཞི་ནི། ནང་རྒྱུད་བླ་ན་མེད་པའི་ཐེག་པའམ་འབྲས་བུའི་ཐེག་པ་མཚན་ཉིད་པ་ཉིད་ཐེག་པ་འོག་མ་ལས་ཐབས་ཆེ་བ། ཐབས་སླ་བ། ཐབས་མང་བ། ཐབས་མྱུར་བ་བཅས་བཞིའི་སྒོ་ནས་ཁྱད་པར་འཕགས་ཚུལ་གསུངས་པའི་ཡ་གྱལ། ཐབས་མྱུར་བ་ལ་རྒྱུ་མཚན་བཞི་སྟེ། ཐོག་མེད་དུས་ཀྱི་སྤྲོས་པའི་བག་ཆགས་མ་ལུས་པ་མྱུར་དུ་ལྡོག་པར་བྱེད་པ་དང་། རྣམ་པར་སྨིན་པ་ལས་ལྡོག་པ་དང་། བསོད་ནམས་ཆེན་པོ་བསྐྱེད་པ་དང་། ཆོས་རང་བཞིན་མེད་པ་ལ་ངང་གིས་འཇུག་པ་བཅས་བཞི་སྟེ། དེ་ཡང་། བཀའ་བརྒྱད་རྣམ་བཤད་ལས། ཐབས་མྱུར་བ་ནི་རྒྱུ་མཚན་བཞིའི་སྒོ་ནས་ཏེ། གང་ཞེ་ན། ཐོག་མ་མེད་པའི་དུས་ཀྱི་སྤྲོས་པའི་བག་ཆགས་མ་ལུས་པ་མྱུར་དུ་ལྡོག་པར་བྱེད་པ་ནི། འདི་ལྟར་སྣང་བ་ལྷར་ཤེས་ཏེ་ཆོས་ཀུན་སྤང་བླང་མེད་པར་སྤྱད་པས་གཟུང་འཛིན་གྱི་རྟོག་པ་རང་སར་ལྡོག་པའི་ཕྱིར་དང་། རྣམ་པར་སྨིན་པ་ལས་ལྡོག་པ་ནི་ལྟ་སྤྱོད་ཕུལ་དུ་ཕྱིན་པའི་སྒོ་ནས་རྣམ་སྨིན་གྱི་ལུས་འདི་ཉིད་མ་བོར་བར་སངས་རྒྱས་ཀྱི་ས་ལ་སྤྱོད་ནུས་པའི་ཕྱིར་དང་། བསོད་ནམས་ཆེན་པོ་བསྐྱེད་པ་ནི། སྣང་བ་ལྷའི་དཀྱིལ་འཁོར་དུ་ལྟ་ཞིང་མཉམ་པ་བཞིའི་དག་པ་དང་མ་བྲལ་བས། ཇི་ལྟར་སྤྱད་ཀྱང་ཚོགས་ཆེན་པོ་རྫོགས་པར་འགྱུར་བའི་ཕྱིར་དང་། ཚོས་རང་བཞིན་མེད་པ་ལ་ངང་གིས་འཇུག་པ་ནི། ཆོས་ཉིད་ཅི་ཡང་མ་ཡིན་པའི་གནད་ཀྱིས་ཅིར་ཡང་འཆར་དུ་རུང་བས་ན། ཏིང་ངེ་འཛིན་གྱི་ཇི་ལྟར་དམིགས་པ་བཞིན་དུ་འགྲུབ་པས་ཅི་ཡང་མིན་པའི་ཆོས་ཉིད་མངོན་དུ་རིག་པར་འགྱུར་བའི་ཕྱིར་ཏེ། དེ་ལྟར་རྒྱུ་མཚན་བཞིའོ། །ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:ཐབས་མྱུར་བའི་རྒྱུ་མཚན་བཞི་
|; |@@@ | | }}