21534

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐབས་འཛུད་བསྲེ་བའི་ལུང་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་འགྲོལ་བའི་ལྡེ་མིག་མདོ་བཞི་ལས་མཐུན་འཇུག་སྦྱོར་བའི་ལུང་གི་ནང་གསེས་ཤིག་སྟེ། གདུལ་བྱ་དེ་ཉིད་ཐབས་ལ་འཛུད་ཕྱིར་བདག་དང་སྤྱོད་པ་བསྲེ་བས་ན་ཐབས་འཛུད་བསྲེ་བའི་ལུང་ཞེས་བྱ། དེའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། དེ་བཞིན་དུ་ཐབས་འཛུད་བསྲེ་བའི་ལུང་ནི། འདི་ལྟར་ཏེ། གདུལ་བྱ་ཕ་རོལ་གྱི་དངོས་པོ་གང་དག་དབང་དུ་བསྡུ་བའི་ཐབས་ཀྱིས་ཡང་དག་པའི་དོན་ལ་འཛུད་པའི་ཕྱིར། གདུལ་བྱ་གང་གི་སྤྱོད་པའི་ཆ་དང་རང་གི་སྤྱོད་པ་འདྲེན་མས་ཞེས་འདྲེས་མར་སྤྱོད་པའི་སྒོ་ནས་གཅིག་ཏུ་མཐུན་པ་ན་ལས་ཀྱི་སྐྱོན་བགྲངས་པ་ལ་སོགས་ཀྱིས་དེ་དག་གི་སེམས་བསྒྱུར་ཏེ་ཡང་དག་པའི་འདུ་ཤེས་ལ་འགོད་པའོ། །ཞེས་པ་ལྟར་ཡིན།
Domain ཆོས་ལུགས།

{{#arraymap:ཐབས་འཛུད་བསྲེ་བའི་ལུང་

|; |@@@ | | }}