21539
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་ལས་བྱུང་བ་སྟེ། ༡ བྱང་ཆུབ་སེམས་དཔའ་ནི། མྱ་ངན་ལས་འདས་པའི་ཡུལ་ལ་གནས་པའང་ཡིན་ལ། ཐབས་ཀྱིས་འཁོར་བའི་ཡུལ་ལའང་གནས་པར་སྣང་བ། ༢ དབེན་པའི་ཡུལ་ལ་གནས་པའང་ཡིན་ལ། ཐབས་ཀྱིས་འདུ་འཛིའི་ཡུལ་ལ་གནས་པར་ཡང་སྣང་བ། ༣ བསམ་གཏན་གྱི་ཡུལ་ལ་གནས་པའང་ཡིན་ལ། ཐབས་ཀྱིས་བཙུན་མོའི་འཁོར་གྱི་ནང་ན་གནས་པའང་སྣང་བ། ༤ མངོན་པར་འདུ་མི་བྱེད་པའི་ཡུལ་ལ་གནས་པའང་ཡིན་ལ། ཐབས་ཀྱིས་མངོན་པར་འདུ་བྱེད་པ་ཐམས་ཅད་ཀྱི་ཡུལ་ལ་གནས་པར་ཡང་སྣང་བ། ༥ སྐྱེ་བ་མེད་པའི་ཡུལ་ལ་གནས་པའང་ཡིན་ལ། ཐབས་ཀྱིས་སྐྱེ་བ་དང་། ཤི་འཕོའི་ཡུལ་ལ་གནས་པར་ཡང་སྣང་བ། ༦ བདུད་བཞིའི་ཡུལ་ལས་ཡང་དག་པར་འདས་པའང་ཡིན་ལ། ཐབས་ཀྱིས་བདུད་འདུལ་བ་ཡང་སྟོན་པ། ༧ འཕགས་པའི་སྐྱེ་བོའི་ཡུལ་ལ་གནས་པའང་ཡིན་ལ། ཐབས་ཀྱིས་འཕགས་པ་མ་ཡིན་པའི་ཡུལ་ལ་གནས་པར་ཡང་སྣང་བ། ༨ འཇིག་རྟེན་གྱི་ཡུལ་ལས་ཡང་དག་པར་འདས་པ་ཡིན་ལ། ཐབས་ཀྱིས་འཇིག་རྟེན་གྱི་ཡུལ་ལ་གནས་པར་ཡང་སྣང་བ། ༩ ཡེ་ཤེས་ཀྱི་ཡུལ་རྙེད་པའང་ཡིན་ལ། ཐབས་ཀྱིས་མི་ཤེས་པའི་མཐའི་ཡུལ་ལ་གནས་པར་ཡང་སྣང་བ། ༡༠ ཡང་དག་པའི་མཐའི་ཡུལ་མངོན་སུམ་དུ་གྱུར་པའང་ཡིན་ལ། ཐབས་ཀྱིས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡུལ་དུའང་མི་ལྷུང་བ། ༡༡ མཚན་ཉིད་མེད་པའི་ཆོས་ཁོང་དུ་ཆུད་པའང་ཡིན་ལ། ཐབས་ཀྱིས་མཚན་དང་། དཔེ་བྱད་བཟང་པོས་ལེགས་པར་བརྒྱན་ཅིང་སྤུད་པའི་ལུས་ཀྱི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པའི་ཡུལ་ལ་གནས་པར་ཡང་སྣང་བ། ༡༢ སངས་རྒྱས་ཀྱི་ཡུལ་ལ་ཡང་དག་པར་ཞུགས་པའང་ཡིན་ལ། ཐབས་ཀྱིས་བདུད་ཀྱི་ཡུལ་ཐམས་ཅད་ལ་གནས་པར་ཡང་སྣང་བ་བཅས་སོ། |
Domain | ཆོས་ལུགས། |
{{#arraymap:ཐབས་ཡུལ་ལ་བལྟ་བར་བྱ་བ་བཅུ་གཉིས་
|; |@@@ | | }}