21540
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས། ཐབས་ཀྱི་རྒྱུད་ནི་བླ་མ་དམ་པ་དང། སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་རིམ་པ་གཉིས་པ་དང། དེའི་གྲོགས་སུ་གྱུར་པ་ཕྱག་རྒྱ་དང་དམ་ཚིག་དང། སྤྱོད་པ་དང། རྡོ་རྗེའི་ལུས་སྐྱོན་མེད་པ་རྣམས་ཡིན་ཏེ། ལུས་ཐབས་རྒྱུད་ཅེས་གསུངས་སོ། །ཞེས་དང་། ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས། ཐབས་རྒྱུད་ནི་རྒྱུ་རྒྱུད་དེ་ཉིད་ལ་གློ་བུར་གྱི་དྲི་མ་སྦྱང་བའི་ཆེད་དུ་བླ་མ་དམ་པའི་མན་ངག་ལ་བརྟེན་ནས་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་ཉམས་སུ་ལེན་པའི་ཚུལ་འབྲས་བུ་མངོན་དུ་མ་གྱུར་པའི་བར་དུ་རྒྱུན་མི་ཆད་དུ་འབྱུང་བའོ། །ཞེས་དང། པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་སྤྱི་དོན་ཀུན་གསལ་ནོར་བུའི་ཕྲེང་བ་ལས། རྟེན་གྱི་གང་ཟག་ནི། བླ་མེད་ཚོགས་ལམ་པ། བླ་མེད་སྦྱོར་ལམ་པ། བླ་མེད་མཐོང་ལམ་པ། བླ་མེད་བསྒོམ་ལམ་པ་རྣམས་ཀྱི་རྒྱུད་ལ་ཡོད་ཅིང། མཚན་གཞི་བླ་མེད་སློབ་པའི་རྒྱུད་ཀྱི་བསྐྱེད་རྫོགས་ཀྱི་སྡོམ་པ་མཐའ་དག་གོ ། ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:ཐབས་རྒྱུད་
|; |@@@ | | }}