21545
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དཀོན་བརྩེགས་སྒྱུ་མ་མཁན་བཟང་པོ་ལུང་བསྟན་པ་ཞེས་བྱ་བ་ལས་བྱུང་བ་སྟེ། ༡ སེམས་བསྐྱེད་པ་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བ་སྟེ། ཐ་ན་ཉོན་མོངས་པའི་སེམས་ལ་ཡང་རུང་ན་དགེ་བའི་སེམས་ལ་ལྟ་སྨོས་ཀྱང་ཅི་དགོས་པ། ༢ སེམས་ཅན་ཐམས་ཅད་ཆོས་ཀྱི་སྣོད་ཡིན་པར་ལྟ་བ། ༣ ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་པས་ཆོས་ཐམས་ཅད་ལོག་པ་ཉིད་དུ་ངེས་པ་ཡིན་པར་ལྟ་བ། ༤ རྣམ་པར་གྲོལ་བ་འདོད་པས་སྙོམས་པར་འཇུག་པ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་འདུ་ཤེས་སྒོམ་པར་བྱེད་པའོ། ། |
Domain | ཆོས་ལུགས། |
{{#arraymap:ཐབས་ལ་མཁས་པ་ཡིན་པ་རིག་པར་བྱ་བའི་ཆོས་བཞི་
|; |@@@ | | }}