21551

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐབས་ལ་མཁས་པའི་རྣམ་པར་ཐར་པའི་སྒོ་ (1)
Part of speech མིང་ཚིག
Definition སྔགས། རྙིང་མ། མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པའི་སྒོའམ། རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཐར་པའི་སྒོ་སྟེ། དཀོན་ཅོག་འགྲེལ་ལས། འདི་ལྟར་དངོས་པོ་ལས་འབྱིན་པར་བྱེད་པ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་རྣམ་པར་ཐར་པའི་སྒོ་དང་། དེ་བཞིན་དུ་རྣམ་པར་རྟོག་པ་ལས་འབྱིན་པར་བྱེད་པ་མཚན་མ་མེད་པའི་ཏིང་ངེ་འཛིན་དང་། འདོད་ཆགས་ལས་འབྱིན་པར་བྱེད་པ་སྨོན་པ་མེད་པའི་ཏིང་ངེ་འཛིན་དུ་རྣམ་པར་ཐར་པའི་སྒོ་སྟེ། འདི་དག་མི་མཐུན་པ་དང་གཉེན་པོ་དབྱེར་མེད་པའི་སྦྱོར་བ་ནི་མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པ་སྟེ། ཞེས་དང་། དེ་ཉིད་ལ་རང་བཞིན་གྱིས་འོད་གསལ་བའི་སྒོ་དང་། ཐབས་ལ་མཁས་པའི་རྣམ་པར་ཐར་པའི་སྒོ་ཞེས་ཀྱང་གྲགས་སོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཐབས་ལ་མཁས་པའི་རྣམ་པར་ཐར་པའི་སྒོ་

|; |@@@ | | }}