21553

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐབས་ལ་མཁས་པའི་སྦྱོར་བ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས། མཚན་ཉིད། ཤེར་ཕྱིན་གྱི་དོན་བཅུ་པོ་མངོན་དུ་བྱ་བའི་དུས་དང་དུས་མིན་པ་ཤེས་ནས་དུས་ལ་མ་བབས་ན་མངོན་དུ་མི་བྱེད་ཅིང། དུས་ལ་བབས་ན་མངོན་དུ་བྱེད་པའི་དག་སའི་རྣལ་འབྱོར། དབྱེ་ན། བར་ཆད་ཀྱི་ཆོས་ལས་བརྒལ་བའི། མི་གནས་པར་གནས་པའི། གཞན་དོན་སྔོན་གྱི་སྨོན་ལམ་གྱིས་འཕངས་པའི། ཐུན་མོང་མིན་པའི། མ་ཆགས་པའི། མི་དམིགས་པའི། མཚན་མ་མེད་པའི། སྨོན་པ་མེད་པའི། ཕྱིར་མི་ལྡོག་པའི་རྟགས་ཀྱི། ཚད་མེེད་པའི་ཐབས་ལ་མཁས་པའི་སྦྱོར་བ་དང་བཅུའོ། །ཞེས་དང་། པཎ་ཆེན་ཤཱཀྱ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས། གཙོ་བོར་ཕྲིན་ལས་ཕུན་སུམ་ཚོགས་པའི་ཆེད་དུ་སྟོང་པ་ཉིད་ལ་སོགས་པའི་ཡུལ་རྣམ་པ་བཅུ་མངོན་དུ་བྱ་བའི་དུས་དང་དུས་མིན་པ་ཤེས་པའི་ཐབས་ཤེས་ཟུང་འབྲེལ་གྱི་མཁྱེན་པ་དེ། ཐབས་མཁས་ཀྱི་སྦྱོར་བའི་མཚན་ཉིད། སོགས་ཁོང་ན་རྣམ་ཐར་སྒོ་གསུམ་དང། བྱང་ཕྱོགས་སོ་བདུན་ལ་སྡེ་ཚན་བདུན་དུ་བྱས་པ་རྣམས་འདོན་ནོ། །དབྱེ་ན། དགྲ་ལས་འདས་པ་ལ་སོགས་པའི་ཐབས་མཁས་ཀྱི་སྦྱོར་བ་བཅུའོ། །ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ཐབས་ལ་མཁས་པའི་སྦྱོར་བ་

|; |@@@ | | }}