21554

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐབས་ལ་མཁས་པའི་སློབ་མ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། བསྙེན་པའི་གཞི་མ་སྒོ་དགུའི་ནང་གསེས་མཚན་ལྡན་གྲོགས་སུ་བསྙེན་བྱ་སྟེ། མཚན་ལྡན་གྲོགས་ལ་བསྙེན་ཞེས་བྱ་བ་ནི། བསྙེན་སྒྲུབ་སོགས་ཀྱི་སྐབས་སུ་མཚན་ལྟས་བཟང་བའི་སློབ་མ་དང་གྲོགས་བཙལ་ཅིང་བསྟེན་པའི་དོན་ལ་བྱ་སྟེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། འཁོར་བཟང་གཞན་འདུལ་ཇི་མཛད་དགེ། ཐབས་ལ་མཁས་པའི་སློབ་མ་སྟེ། བསྟན་པའི་ཟུར་འདེགས་སྟོངས་སུ་བླང་། ཞེེས་གསུངས་པས། དེ་ཡང་སློབ་དཔོན་དམ་པས་རང་བཞིན་གྱིས་རང་ཉིད་འཁོར་དུ་བསྡུ་རུ་འཇུག་པའི་ཐབས་བཟང་ལ་གཞན་དོན་བརྩོན་ཞིང་ཇི་མཛད་རྣམས་དགེ་བའི་ལས་སུ་གཉེར་བའི་སློབ་མ་སྟེ། དེ་ཉིད་བསྟན་པའི་ཟུར་ཆ་འདེགས་པའི་སྡོང་དུ་ཡོང་བས་འཁོར་དུ་བླང་བྱར་བསྟན་ཏོ། །
Domain ཆོས་ལུགས།

{{#arraymap:ཐབས་ལ་མཁས་པའི་སློབ་མ་

|; |@@@ | | }}