21563

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐབས་ལྔ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པའི་ལེའུ་ང་གཉིས་པ་ལས། གང་མཁས་ཆེ་དང་མང་ཡས་ཡངས། །ཞེས་གསུངས་པ་ལྟར། ཐབས་མཁས་པ་དང། ཐབས་ཆེ་བ་དང། ཐབས་མང་བ་དང། ཐབས་ཡས་པ་དང། ཐབས་ཡངས་པ་སྟེ། ཐབས་འདི་ལྔ་དང་ལྡན་པའི་རྒྱུ་མཚན་གྱིས་གསང་སྔགས་རྡོ་རྗེ་ཐེག་པ་ལ་དབང་བསྒྱུར་ཐབས་ཀྱི་ཐེག་པ་ཞེས་གསུངས་ཤིང་། ཐབས་ཕུན་སུམ་ཚོགས་པའི་རྣམ་གྲངས་འདི་དག་མདོ་དགོངས་པ་འདུས་པར་སྦྱོར་བའི་ཡན་ལག་རྟོགས་འཇུག་དྲུག་ཅུ་རྩ་གཅིག་གི་ཡ་གྱལ་གཞན་དོན་དུ་སྦྱོར་བ་ཉེར་བརྒྱད་ཀྱི་ཁོངས་སུ་དྲངས་འདུག འདི་ལྔ་ལ་ཐབས་ཀྱི་ཡན་ལག་ལྔའང་བརྗོད།
Domain ཆོས་ལུགས།
ཐབས་ལྔ་ (2)
Part of speech མིང་ཚིག
Definition བོན། འདུལ་བ་ཀུན་འབྱུང་ལྟར། ཐབས་ལྔ་ནི། ཆེ་བ། ཟབ་པ། ཉེ་བ། མང་བ། ཡང་པ་དང་ལྔའོ། །ཐབས་ཆེ་བ་ནི། སངས་རྒྱས་དགོངས་པ་རང་ལ་རྙེད་པ། དབུལ་མོ་གཏེར་རྙེད་ལྟ་བུའོ། །ཐབས་ཟབ་པ་ནི། རྩ་བཞི་ཡན་ལག་ཉིས་བརྒྱ་ལྔ་བཅུ། ཐམས་ཅད་མཁྱེན་པར་རྡོལ་པར་བྱེད་པ། ཐབས་ཉེ་བ་ནི། དུས་ཚིགས་དཀའ་ཐུབ་ལ་མི་བལྟ། ལུས་ངག་ཡིད་གསུམ་དཀའ་ཐུབ་བརྟེན། ཐབས་མང་བ་ནི། སྣ་ཚོགས་ན་ལུས་ངག་བཀོར། བདག་རབ་ཏུ་བཙུན་པས་གཞན་འདུལ། ཐབས་ཡང་བ་ནི། གནང་བཀག་གཉིས་ཡོད་པ། ཞེས་གསུངས་སོ། །