21566
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། ཐབས་ཤེས་ཀྱི་སྒོ་གསུམ་ཞེས་པའི་སྒོ་གསུམ་ནི་སྐུ་གསུང་ཐུགས་གསུམ་ཏེ་དེ་གསུམ་དང་ཐབས་ཤེས་ཀྱི་དབྱེ་བས་རྩ་ཁམས་རྣམས་སྦྱར་བ་ཡིན་ཏེ། ཇོ་ནང་ཏཱ་ར་ནཱ་ཐའི་དབང་མདོར་བསྟན་གྱི་འགྲེལ་པ་ཟབ་མོའི་དོན་མཐའ་དག་གསལ་བར་བྱེད་པའི་ཉི་མ་ལས། ཟླ་བའི་རྩ་ནི་ཆུ་ཁམས་ཡིན་པས་ཐབས་ཀྱི་སྐུ་དང་། ཉི་མའི་རྩ་ནི་མེ་ཁམས་ཡིན་པས་ཤེས་རབ་ཀྱི་གསུང་དང་། བཤང་བའི་རྩ་ནི་ས་ཁམས་ཡིན་པས་ཤེས་རབ་ཀྱི་སྐུ་དང་། གཅི་བ་འབབ་མ་ནི་རླུང་ཁམས་ཡིན་པས་གཙོ་བོ་སྟེ་ཐབས་ཀྱི་གསུང་ཡིན་ལ། སྟེང་དང་འོག་ཏུ་ཐུགས་ཀྱི་རྩ་རེ་རེ་སྟེ་གཉིས་ནི་མུན་ཅན་གྱི་རྩ་དང་ཁུ་བ་འབབ་མ་སྟེ། མུན་པ་ཅན་གྱི་རྩ་ནི་ནམ་མཁའི་ཁམས་ཀྱི་ཕྱིར་ཐབས་ཀྱི་ཐུགས་དང་ཁུ་བ་འབབ་པ་ནི་ཡེ་ཤེས་ཀྱི་ཁམས་ཀྱི་ཕྱིར་ཤེས་རབ་ཀྱི་ཐུགས་སོ། །དེ་ལྟར་ན་སྟེང་དུ་གསུམ་དང་འོག་ཏུ་གསུམ་སྟེ། བསྡོམས་པས་འབྱུང་བའི་ཁམས་རིགས་དྲུག་གི་རྩ་འདི་རྣམས་ནི། ས་མེ་ཡེ་ཤེས་གསུམ་ཤེས་རབ་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་པོ་དང་། ཆུ་མེ་ནམ་མཁའ་གསུམ་ཐབས་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་པོ་འམ་ངོ་བོ་ཡིན་ནོ། །ཞེས་འབྱུང་ངོ་། ། |
Domain | ཆོས་ལུགས། |
{{#arraymap:ཐབས་ཤེས་ཀྱི་སྒོ་གསུམ་
|; |@@@ | | }}