21590

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐམས་ཅད་ཀྱི་གཞི་རྟེན་གནས་མལ་གྱི་གཞི་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གཞི་བཅུ་བདུན་གྱི་ནང་ཚན་ཞིག གནས་མལ་མཐའ་གཉིས་སུ་མ་ལྷུང་བས་བདེ་བར་གནས་པའི་གཞི་སྟེ་གཙུག་ལག་ཁང་དང་། གཞན་ཡང་མཛོད་དང་ཟས་ཁང་དང་། གང་ཟག་སོ་སོའི་ཁང་པ་སྤྱོད་ལམ་བཞི་ཤོང་ཚད་ཅན་བཅས་སོ། །དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དེ་ལྟར་སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པ། ཐོབ་པ་མི་ཉམས་པར་བསྲུང་བར་བྱེད་པ། ཉམས་ན་ཕྱིར་བཅོས་པའི་ཐབས་རྣམས་བཤད་ཟིན་ཅིང་། གཞི་བཅུ་གདུན་ཡོད་པའི་བཅུ་དྲུག་བཤད་ཟིན་ནས། ད་ནི་ཐམས་ཅད་ཀྱི་གཞི་རྟེན་གནས་མལ་གྱི་གཞི་བསྟན་པར་བྱ་བ་ཡིན་ཏེ། མདོར། སོ་སོར་ཐར་པའི་སྡོམ་པས་མཆོག་ལ་རབ་ཏུ་བྱུང་བའི་ཕྱག་བྱའོ། །མཉམ་ན་རྒན་པ་ལའོ། །མཚན་ཐ་མི་དད་པ་ལའོ་ཞེས་སོགས་གསུངས། དོན་བཤད་དུ་ཡོད་དེ། ཕྱག་བྱ་བའི་རྣམ་གཞག་བཤད་པ། གཙུག་ལག་ཁང་གང་དུ་བརྩིག་པའི་གནས་བསྟན་པ། ཁང་པའི་རྩིག་པ་ལ་ཚོན་ཇི་ལྟ་བུས་བྱུགས་པ། སྒོ་ཁང་དུ་འཁོར་བའི་འཁོར་ལོ་ཆ་ལྔ་པ༌བྲི་ཚུལ། མཆོད་རྟེན་བྱ་ཚུལ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཡུལ་གང་ལ་ཕྱག་བྱ་བ། རྟེན་གང་གིས་བྱ་བ། ཚུལ་ཇི་ལྟར་དུ་བྱ་བ་གསུམ་ཡོད་པའི་ཕྱིར། དང་པོ་ཡོད་དེ། དཀོན་མཆོག་གསུམ་དང་སོ་སོ་ཐར་པའི་སྡོམ་པའི་མཆོག་དང་། སྡོམ་པ་མཉམ་ན་བསླབ་པ་རྒན་པ་ལ་ཕྱག་བྱ་བ་ཡིན་པའི་ཕྱིར། དེ་དག་གི་དམིགས་བསལ་ཡོད་དེ། མཚན་མི་མཐུན་ན་བསླབ་པ་རྒན་ཡང་ཕྱག་བྱ་བའི་ཡུལ་མ་ཡིན། མཚན་མཐུན་ཡང་ས་གཞན་ན་གནས་པ་དང་། ཉལ་བ་དང་། སྙོམས་པར་འཇུག་པ་པོ་དང་། འབགས་པ་རྣམས་ལ་ཕྱག་མི་བྱ་བ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། གཅེར་བུ་དང་། གོས་གཅིག་པ་དང་། ཟས་ཀྱིས་སྦགས་པ་མ་ཡིན་པ་ཞིག་གིས་བྱ་བ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། ཡན་ལག་ལྔ་ས་ལ་གཏུག་པའི་ཕྱག་གམ། སྒྱིད་པ་ནས་འཁྱུད་པའི་ཕྱག་གང་རུང་འཚལ་བར་བྱ་བ་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཐམས་ཅད་ཀྱི་གཞི་རྟེན་གནས་མལ་གྱི་གཞི་

|; |@@@ | | }}