21599

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐམས་ཅད་ཀྱི་སྒོ་ནས་བརྩོན་འགྲུས་རྣམ་པ་བཞི་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ༡ ཉོན་མོངས་པ་ཅན་གྱི་ཆོས་རྣམ་པར་སྤོང་བར་བྱེད་པ་ནི། ཀུན་ཏུ་སྦྱོར་བ་དང༌། འཆིང་བ་དང༌། བག་ལ་ཉལ་བ་དང༌། ཉེ་བའི་ཉོན་མོངས་པ་དང༌། ཀུན་ནས་དཀྲིས་པ་མ་སྐྱེས་པ་རྣམས་མི་སྐྱེ་བར་བྱེད་པ་དང་། སྐྱེས་པ་རྣམས་སྤོང་བར་བྱེད་པའོ། ། ༢ དཀར་པོའི་ཆོས་སྒྲུབ་པར་བྱེད་པ་ནི། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་བརྩོན་འགྲུས་གང་ཡིན་པ་དང༌། སྐྱེས་པ་རྣམས་གནས་པར་བྱེད་པ་དང༌། མི་ཉམས་པར་བྱེད་པ་དང༌། འཕེལ་ཞིང་རྒྱས་པར་བྱེད་པའི་བརྩོན་འགྲུས་གང་ཡིན་པའོ། ། ༣ ལས་ཡོངས་སུ་དག་པར་བྱེད་པ་ནི། ལས་རྣམ་པ་གསུམ་པོ་ལུས་ཀྱི་ལས་དང༌། ངག་གི་ལས་དང༌། ཡིད་ཀྱི་ལས་དགེ་བ་རྣམ་པར་དག་པར་བྱེད་པ་དང༌། སྡུད་པར་བྱེད་པ་གང་ཡིན་པའོ། ། ༤ ཤེས་རབ་རྣམ་པར་འཕེལ་བར་བྱེད་པ་ནི། ཐོས་པ་དང༌། བསམ་པ་དང༌། བསྒོམ་པ་ལས་བྱུང་བའི་ཤེས་རབ་ཡང་དག་པར་འགྲུབ་པ་དང༌། རྣམ་པར་འཕེལ་བར་བྱེད་པ་གང་ཡིན་པའོ། །
Domain ཆོས་ལུགས།

{{#arraymap:ཐམས་ཅད་ཀྱི་སྒོ་ནས་བརྩོན་འགྲུས་རྣམ་པ་བཞི་

|; |@@@ | | }}