21612

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ (1)
Part of speech མིང་ཚིག
Definition ལམ་འགའ་ཞིག་རྒྱལ་བ་ཉིད་དུ་འགྲོ་བ་དང༌། ལམ་འགའ་ཞིག་རང་རྒྱལ་གྱི་བྱང་ཆུབ་དང༌། ཉན་ཐོས་ཀྱི་བྱང་ཆུབ་ཏུ་འགྲོ་བ་དང༌། ལམ་འགའ་ཞིག་ངན་འགྲོ་དང་བདེ་འགྲོ་སོགས་སུ་འགྲོ་བའི་ལམ་ཡང་དག་པ་དང་ལོག་པར་ངེས་པའི་ལམ་རྣམས་ཇི་ལྟ་བ་བཞིན་དུ་མཁྱེན་པ་སྟེ་སྟོབས་བཅུའི་ནང་ཚན་ཞིག འགྲོ་བ་ལྔར་སྐྱེ་བའི་ལམ་དང། མྱ་ངན་ལས་འདས་པར་འགྲོ་བའི་ལམ་ལ་སོགས་པ་ལམ་མོ་ཅོག་ཆུབ་པར་མཁྱེན་པས་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་བའི་སྟོབས་ཞེས་བྱའོ། །
Domain ཆོས་ལུགས།

{{#arraymap:ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་

|; |@@@ | | }}