21617

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐམས་ཅད་བྱང་ཆུབ་སེམས་སུ་འདུས་པར་བསྟན་པ་བཅུ་ (1)
Part of speech མིང་ཚིག
Definition མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ལས་སྐབས་ཉི་ཤུ་པ་རྫོགས་ཆེན་ཨ་ཏིའི་ལྟ་བ་གཏན་ལ་ཕབ་པའི་སྐོར་ལས་བྱུང་བ་སྟེ། ཆོས་ཉིད་དེ་བཞིན་ཉིད་དུ་རིས་མཐུན་པས་མ་སྐྱེས་པའི་ངང་དུ་ཐམས་ཅད་འདུས་པར་བསྟན་པ། ཀློང་ཆེན་སེམས་ཀྱི་རང་བཞིན་བསྟན་པ། ཐམས་ཅད་འདུས་ལ་གཡོས་པའི་དཔེ་ཉེ་བར་དགོད་པ། ཆོས་ཐམས་ཅད་རང་བཞིན་མཉམ་པ་ཉིད་པས་བཟང་ངན་རྩོལ་སྒྲུབ་མེད་པར་བསྟན་པ། དབྱིངས་ལས་ཤར་བ་ཉིད་ཀྱིས་རྩོལ་སྒྲུབ་ལས་འདས་པར་བསྟན་པ། དེའི་ཕྱིར་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པ། ད་ནི་རིག་པ་བྱང་ཆུབ་ཀྱི་སེམས་སུ་ཐེག་པ་ཀུན་འདུས་པར་བསྟན་པ་ལས། ཆུང་ངུ་གསུམ་གྱི་འདུས་ཚུལ། འབྲིང་པོ་གསུམ་འདུས་པ། ཆེན་པོ་གསུམ་ཡང་རྫོགས་པ། ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུས་ཤིང་རྫོགས་པས་དོན་བསྡུ་བ།
Domain ཆོས་ལུགས།

{{#arraymap:ཐམས་ཅད་བྱང་ཆུབ་སེམས་སུ་འདུས་པར་བསྟན་པ་བཅུ་

|; |@@@ | | }}