21631

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐམས་ཅད་མཁྱེན་པའི་མཚན་ཉིད་ལྔ་ (1)
Part of speech མིང་ཚིག
Definition འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་བྱུང་བ་སྟེ། གང་སུའང་རུང་བ་ཞིག་བྱུང་ན། འཇིག་རྟེན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སྒྲ་རྣམ་པར་གྲགས་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ། སྟོབས་བཅུས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་ཐམས་ཅད་གཅོད་པ། མི་འཇིགས་པ་བཞིས་སྟོན་པའི་དེའི་ཚིག་ལ་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་བརྒལ་དུ་མེད་ཅིང་བརྩད་དུ་མེད་པ་གང་ཡིན་པ། སུའི་ཆོས་འདུལ་བ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྣང་ཞིང་དགེ་སྦྱོང་བཞི་སྣང་བ་ཡིན་ཏེ། དེ་ལྟར་ན་འབྱུང་བ་དང་། མཚན་དང་། ཐེ་ཚོམ་གཅོད་པ་དང་། བརྒལ་དུ་མེད་ཅིང་བརྩད་དུ་མེད་པ་དང་། དགེ་སྦྱོང་དམིགས་པས་ཐམས་ཅད་མཁྱེན་པའི་མཚན་ཉིད་ལྔར་རིག་པར་བྱའོ། །དེ་ལྟར་འཐད་པའི་སྒྲུབ་པའི་རིགས་པ་དེ་ནི་མངོན་སུམ་གྱི་ཚད་མ་དང་། རྗེས་སུ་དཔག་པའི་ཚད་མ་དང་། ཡིད་ཆེས་པའི་ལུང་གི་ཚད་མས་མཚན་ཉིད་ལྔ་པོ་དག་གིས་ཡོངས་སུ་དག་པ་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:ཐམས་ཅད་མཁྱེན་པའི་མཚན་ཉིད་ལྔ་

|; |@@@ | | }}