21651

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐམས་ཅད་མཁྱེན་པའི་སེམས་དེ་ཚོགས་བསགས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྗེས་སུ་འགྲོ་བར་འགྱུར་བ་བཅུ་དྲུག་ (1)
Part of speech མིང་ཚིག
Definition འཕགས་པ་ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ ཚུལ་ཁྲིམས་ཀྱི་ཚོགས་བསགས་པ་ཡིན། ༢ ཐོས་པའི་ཚོགས་བསགས་པ་ཡིན། ༣ ཤེས་རབ་ཀྱི་ཚོགས་བསགས་པ་ཡིན། ༤ དེ་བཞིན་གཤེགས་པ་ལ་མཆོད་པ་དང༌། རིམ་གྲོ་བྱ་བའི་ཚོགས་བསགས་པ་ཡིན། ༥ དགོན་པ་གནས་པའི་ཚོགས་བསགས་པ་ཡིན། ༦ ཇི་ལྟར་ཐོས་པའི་ཆོས་སྟོན་པའི་ཚོགས་བསགས་པ་ཡིན། ༧ ཚངས་པའི་གནས་པ་བཞིའི་ཚོགས་བསགས་པ་ཡིན། ༨ དགའ་བར་འགྱུར་བའི་ཆོས་ཀྱི་ཚོགས་བསགས་པ་ཡིན། ༩ དགེ་བ་བཅུའི་ལས་ཀྱི་ལམ་གྱི་ཚོགས་བསགས་པ་ཡིན། ༡༠ ལུས་དང་ངག་དང་སེམས་ཀྱི་རྒྱན་གྱི་ཚོགས་བསགས་པ་ཡིན། ༡༡ སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པའི་ཚོགས་བསགས་པ་ཡིན། ༡༢ འདོད་པ་ཆུང་བ་དང༌། ཆོག་ཤེས་པ་དང༌། རབ་ཏུ་དབེན་པའི་ཚོགས་བསགས་པ་ཡིན། ༡༣ ཕུང་པོ་གསུམ་པའི་ཚོགས་ཀྱི་རྣམ་གྲངས་ཀྱི་ཡོངས་སུ་བསྔོ་བའི་ཚོགས་བསགས་པ་ཡིན། ༡༤ ཞི་གནས་ཀྱི་ཚོགས་བསགས་པ་ཡིན། ༡༥ ལྷག་མཐོང་གི་ཚོགས་བསགས་པ་ཡིན། ༡༦ དགེ་བའི་རྩ་བ་ཐམས་ཅད་ཀྱི་ཚོགས་བསགས་པ་ཡིན་པ་བཅས་སོ། །
Domain ཆོས་ལུགས།

{{#arraymap:ཐམས་ཅད་མཁྱེན་པའི་སེམས་དེ་ཚོགས་བསགས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྗེས་སུ་འགྲོ་བར་འགྱུར་བ་བཅུ་དྲུག་

|; |@@@ | | }}