21665

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐམས་ཅད་ཡོད་སྨྲ་ (1)
Part of speech མིང་ཚིག
Definition ནང་པ་སངས་རྒྱས་པའི་གྲུབ་མཐའི་རྩ་བའི་སྡེ་བཞིའི་ཡ་གྱལ་ཏེ། སྡེ་བ་ཐམས་ཅད་ཀྱི་གཞི་ཡིན་པ་དང་ཤེས་བྱའི་གཞི་ལྔ་རྫས་ཡོད་དུ་སྨྲ་བས་ན་གཞི་ཐམས་ཅད་ཡོད་པར་སྨྲ་བ་ཞེས་གྲགས་ལ། སྡེ་བ་དེ་ནི་གསུང་རབ་སཾ་སྐྲྀ་ཏ་ལེགས་སྦྱར་གྱི་སྐད་དུ་འདོན། མཁན་པོ་རྒྱལ་རིགས་བསླབས་པ་ལ་གུས་པ་སྒྲ་གཅན་འཛིན་ལས་བརྒྱུད། རྣམ་སྦྱར་རྣམ་ཕྲན་དགུ་ཡན་ཉེར་ལྔ་མན་ལ་རྟགས་འཁོར་ལོ་དང་པད་མ། མིང་དཔལ་དང་བཟང་པོ་དང་སྙིང་པོ་གསུམ་གྱི་མཐའ་ཅན་གྲུབ་མཐའ་དུས་གསུམ་རྫས་སུ་ཡོད་པ་དང་། འདུས་བྱས་ཐམས་ཅད་སྐད་ཅིག་མ་དང་། གང་ཟག་གི་བདག་མེད་པ་དང་། གྲངས་མེད་གསུམ་གྱིས་འཚང་རྒྱ་པ་སོགས་བཞེད་དོ། །
Domain ཆོས་ལུགས།

{{#arraymap:ཐམས་ཅད་ཡོད་སྨྲ་

|; |@@@ | | }}