21672
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། དེ་ལྟར་བསྙེན་རྫོགས་ཀྱི་སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས་དང་། བསླབ་པ་ཡོངས་སུ་སྦྱོང་བའི་སྒོ་ནས་བསྲུང་བ་དང་། བདེ་བར་གནས་པའི་རྐྱེན་བསྟེན་པའི་སྒོ་ནས་བསྲུང་ཚུལ་བཅས་ཐམས་ཅད་ལ་གལ་ཆེ་བ་ལས་ཀྱི་གཞི་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དེ་ལྟར་བསྙེན་རྫོགས་ཀྱི་སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས་དང་། བསྲུང་ཚུལ་ལ་བསླབ་པ་ཡོངས་སུ་སྦྱོང་བའི་སྒོ་ནས་བསྲུང་བ་དང་བདེ་བར་གནས་པའི་རྐྱེན་བསྟེན་པའི་སྒོ་ནས་བསྲུང་ཚུལ་ལ་སོགས་པ་རྣམས་བཤད་ནས། ད་ནི་དེ་ཐམས་ཅད་ལ་གལ་ཆེ་བ་ལས་ཀྱི་གཞི་བསྟན་པར་བྱ་བའི་ཕྱིར་ཆོ་ག་ལས་འདས་ན་ལས་མི་འཆགས་སོ་ཞེས་སོགས་ཀྱི་མདོ་གསུངས། མདོ་དོན་བཤད་དུ་ཡོད་དེ། ལས་མཚན་ཉིད་དང་ལྡན་པ་བྱས་པའི་དགོས་པའི་དོན་དང་། བསྡུས་པའི་དོན་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། རང་རང་གཞི་ལས་འཆགས་ཤིང་། དེ་ལ་བརྟེན་ནས་ལས་ཀྱི་འབྲས་བུ་བསྙེན་རྫོགས་ཀྱི་སྡོམ་པ་སོགས་སྐྱེ་བའི་དགོས་པ་ཡོད་པའི་ཕྱིར། གཉིས་པ་ལ་གཉིས་ཡོད་དེ། ལས་འཆགས་པ་སོགས་ཀྱི་བསྡུས་དོན་དང་། ལས་རང་གི་ངོ་བོའི་བསྡུས་དོན་གཉིས་ཡོད་པའི་ཕྱིར། ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:ཐམས་ཅད་ལ་གལ་ཆེ་བ་ལས་ཀྱི་གཞི་
|; |@@@ | | }}