21689

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐར་གླུད་སྐོང་ལ་བསྙེན་པ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། དེ་ཡང་གཙོ་བོར་གསང་སྔགས་ཀྱི་བསྒྲུབ་གནས་བཙལ་ཞིང་བསྟེན་པ་ལ་གནས་དེར་འཁྲས་པའི་ས་བདག་ཀླུ་གཉན་ལ་སོགས་འཁོན་འཁྲུགས་དང་དེའི་བར་ཆོད་མི་འཕྲད་ཅིང་དེ་ལས་ཐར་པའི་ཕྱིར་དུ། དང་པོར་འཇིག་རྟེན་འདིར་མངའ་དབང་ཆེ་བའི་གླིང་བཞིའི་ས་བདག་རྣམས་ལ་གཞི་གནས་ཀྱི་ས་སློང་བར་དེ་དག་གི་འདོད་ཞེན་སྐོང་བའི་གླུད་དམ་ས་ཡོན་འབུལ་བའི་རྫས་ལོངས་སྤྱོད་ཀྱི་དཀར་མཆོད་དང་རྩི་སྨན། ཤིང་རིས་ཀྱི་འཁྲས་རྟེན་མཁར། རྒྱན་གོས་ཀྱི་དར་ཟབ་ལྷབ་ལྷུབ་སོགས་ལ་འཇུག་ཅིང་བརྔན་པའི་དོན་ནོ། །དེ་ལ་དབྱེ་ན་རྣམ་པ་གསུམ་སྟེ། ཕྱི་སྐོང་ལ་བསྙེན་པ། བར་སྐོང་ལ་བསྙེན་པ། ནང་སྐོང་ལ་བསྙེན་པའོ། །དེ་གསུམ་ལ་ཕྱི་ནང་གསང་གསུམ་གྱི་སྐོང་ལ་བསྙེན་པ་གསུམ་ཞེས་ཀྱང་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ཐར་གླུད་སྐོང་ལ་བསྙེན་པ་

|; |@@@ | | }}