21698

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐར་པ་ཆ་མཐུན་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ངེས་ཚིག མཆིམས་མཛོད་ལས། ངེས་ཚིག་ནི་ཐར་པ་མྱ་ངན་ལས་འདས་པ་ཡིན་ཞིང་དེའི་ཆ་ནི་དེ་འཐོབ་བྱེད་ཀྱི་རྒྱུ་ངེས་འབྱེད་ཆ་མཐུན་ཡིན་ལ་དེ་ལ་ཕན་པས་ན་དེ་སྐད་ཅེས་བྱའོ། །ཞེས་གསུངས། ཐར་པ་གསུམ་པོ་གང་རུང་གི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས། སྦྱོར་ལམ་མ་ཐོབ་བར་གྱི་ཐར་པ་དོན་གཉེར་གྱི་བསམ་པས་ཟིན་པའི་ཐོས་བསམ་གང་རུང་གི་དགེ་བ་རྣམས་ཏེ། སེར་སྨད་རྒྱལ་དབང་མཛོད་ལས། འོ་ན་ཐར་པའི་ཆ་མཐུན་དང་ཚོགས་ལམ་གཉིས་དོན་གཅིག་གམ་མི་གཅིག་ཅེ་ན། ལུགས་འདིར་ནི་དོན་མི་གཅིག་སྟེ། ཐར་པའི་ཆ་མཐུན་ནི་གཙོ་བོར་ཐོས་བསམ་གང་རུང་གིས་བསྡུས་པའི་འདོད་པའི་སས་བསྡུས་ཡིན་ལ། ཚོགས་ལམ་ལ་ནི་བསམ་གཏན་ས་དྲུག་གི་ངོ་བོར་གྱུར་པའི་སྒོམ་བྱུང་ཡོད་པའི་ཕྱིར་དང༌། ཚོགས་ལམ་གྱི་གཙོ་བོ་ཡང་དྲན་པ་ཉེར་གཞག་གི་ངོ་བོར་གྱུར་པའི་ཞི་ལྷག་ལ་བྱེད་པར་གོང་དུ་བཤད་ཟིན་པ་ལྟར་ཡིན་པའི་ཕྱིར། དེས་ན་ཐར་པའི་ཆ་མཐུན་གྱི་དགེ་བ་ཡིན་ན་ཚོགས་ལམ་ཡིན་པས་ཁྱབ་ཀྱང༌། ཚོགས་ལམ་ཡིན་ན་ཐར་པའི་ཆ་མཐུན་ཡིན་པས་མ་ཁྱབ་ཅེས་བྱ་ལ། ལུགས་འདིའི་བསམ་དོན་ལྟར་ན། ཐར་པ་གསུམ་པོ་གང་རུང་གི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས། ཚོགས་ལམ་གྱི་ངོ་བོར་གྱུར་པའི་སྒོམ་བྱུང་མ་ཐོབ་བར་གྱི་ཐར་པ་དོན་གཉེར་གྱི་བསམ་པས་ཟིན་པའི་དགེ་བ་ཐམས་ཅད་དང༌། དེ་ནས་ཀྱང་སྦྱོར་ལམ་མ་ཐོབ་བར་གྱི་ཐོས་བསམ་ལས་བྱུང་བའི་དགེ་བ་རྣམས་ཐར་པའི་ཆ་མཐུན་དུ་འཇོག་ལ། སྒོམ་བྱུང་རྣམས་ཐར་པའི་ཆ་མཐུན་དུ་མི་འཇོག་པར་མངོན་ནོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཐར་པ་ཆ་མཐུན་

|; |@@@ | | }}