21705

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐར་པའི་ཆ་དང་མཐུན་པ་བཞི་ (1)
Part of speech མིང་ཚིག
Definition ཆོས་མངོན་པ་ཀུན་ལས་བཏུས་པའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། ༡ སྐབས་སུ་གཏོགས་པ་ནི། དགེ་བའི་ཆོས་ལ་འདུན་པ་ནས་ཉེ་བར་བཟུང་སྟེ། ཐར་པའི་དོན་དུ་བྱ་བ་ཇི་སྙེད་པ་དེ་ནི་སྐབས་སུ་གཏོགས་པའོ། །༢ མོས་པ་ལས་གྱུར་པ་ནི། དེ་དང་རབ་ཏུ་ལྡན་པའི་བསྟན་པ་ལ་མོས་པ་དང་ལྡན་པ་གང་ཡིན་པ་དེ་ནི་མོས་པ་ལས་གྱུར་པའོ། །༣ ལྷག་པར་འདོད་པ་ལས་གྱུར་པ་ནི། དགའ་བ་དང༌། དད་པ་དང་ལྡན་པར་ཐར་པ་ལ་དམིགས་པའི་ཡིད་ལ་བྱེད་པ་མང་བ་གང་ཡིན་པ་དེ་ནི་ལྷག་པར་འདོད་པ་ལས་གྱུར་པའོ། །༤ ཐོབ་པ་ལས་གྱུར་པ་ནི། དེ་ཉིད་ལས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བསྐྱེད་པར་ངེས་པ་གང་ཡིན་པ་དེ་ནི་ཐོབ་པ་ལས་གྱུར་པའོ། །
Domain ཆོས་ལུགས།

{{#arraymap:ཐར་པའི་ཆ་དང་མཐུན་པ་བཞི་

|; |@@@ | | }}