21717
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་བཅུ་གཅིག་པའི་ལྕགས་འབྲུག་ཕྱི་ལོ་ ༡༤༦༠ མདོ་སྨད་ཙ་ཡུས་དཔོན་བརྒྱུད་དུ་འཁྲུངས། བཅོ་ལྔ་བར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཁྲི་རྒན་ངག་དབང་བཀྲ་ཤིས་ལས་རབ་བྱུང་བསྒྲུབས། ཆོས་གྲྭར་ཞུགས། བསྡུས་གཞུང་དང་། གཞུང་བཀའ་པོད་ལྔ་ལ་སྦྱངས། ཉི་ཤུ་བར་ཀུན་མཁྱེན་འཇམ་དབྱངས་བཞད་པ་ལས་བསྙེན་པར་རྫོགས། མི་ཏྲའི་དབང་ཆེན་གསན། རྔ་བ་ཆོས་སྐྱོང་དང་། ཁྲི་ཆེན་རྒྱལ་མཚན་སེང་གེ མཚོ་བཞི་བློ་བཟང་དར་རྒྱས། སྡེ་ཁྲི་བློ་བཟང་དོན་གྲུབ་སོགས་ལས་ལམ་རིམ་དང་། སྔགས་རིམ། རིམ་ལྔ་གསལ་སྒྲོན། ལེགས་བཤད་སྙིང་པོ་བཅས་གསན། ང་བརྒྱད་པ་རབ་བྱུང་བཅུ་གཉིས་པའི་ས་སྟག་ཕྱི་ལོ་ ༡༦༩༨ ལོར་སྔོན་པོ་ཐང་དགའ་ལྡན་བཤད་སྒྲུབ་གླིང་བཏབ། སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། གདན་ས་ལོ་ཉི་ཤུའི་རིང་བསྐྱངས། མདོ་སྔགས་ཆོས་ཀྱི་འཆད་ཉན་མཛད། དོན་བདུན་པ་རབ་བྱུང་བཅུ་གཉིས་པའི་མེ་བྱ་ཕྱི་ལོ་ ༡༧༡༧ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་ཁ་གྱའི་ཁྲི་པ་ངག་དབང་མཆོག་ལྡན་དང་། གྲྭ་ཚ་དཔལ་འཛིན། དཔོན་སློབ་ངག་དབང་སངས་རྒྱས། བདེ་ཐང་བློ་བཟང་ཡོན་ཏན་བཅས་ཡིན། |
{{#arraymap:ཐར་མི་ཆི་བློ་བཟང་དོན་གྲུབ་
|; |@@@ | | }}