21722

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐར་ལམ་དུ་གྱུར་པའི་ས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཡོན་ཏན་ཀུན་གྱི་གཞི་རྟེན་དུ་གྱུར་པའི་མངོན་པར་རྟོགས་པ་དེ་ཐར་ལམ་དུ་གྱུར་པའི་སའི་མཚན་ཉིད། དེ་ལ་དབྱེ་ན། རྟེན་གྱི་སྒོ་ནས་ཉན་ཐོས་ཀྱི་ས། རང་རྒྱལ་གྱི་ས། ཐེག་པ་ཆེན་པོའི་ས་དང་གསུམ། ཡོན་ཏན་ཀུན་གྱི་གཞི་རྟེན་དུ་གྱུར་པའི་ཉན་ཐོས་ཀྱི་མངོན་པར་རྟོགས་པ་དེ་དང་པོའི་མཚན་ཉིད། དེ་ལ་དབྱེ་ན། དཀར་པོ་རྣམ་པར་མཐོང་བའི་ས། རིགས་ཀྱི་ས། བརྒྱད་པའི་ས། མཐོང་བའི་ས། སྲབ་པའི་ས། འདོད་ཆགས་དང་བྲལ་བའི་ས། བྱས་པ་རྟོགས་པའི་ས། ཉན་ཐོས་ཀྱི་ས་དང་བརྒྱད། ཡང་ན་ཞུགས་གནས་བརྒྱད་ཀྱི་མངོན་པར་རྟོགས་པ་བརྒྱད་ཡོད་དེ། རིན་ཆེན་འཕྲེང་བར། ཇི་ལྟར་ཉན་ཐོས་ཐེག་པ་ལ། ཉན་ཐོས་ས་ནི་བརྒྱད་བཤད་པ། ཞེས་གསུངས་པ་ལྟར་རོ། །ཡོན་ཏན་ཀུན་གྱི་གཞི་རྟེན་དུ་གྱུར་པའི་རང་རྒྱལ་གྱི་མངོན་རྟོགས་དེ་རང་རྒྱལ་གྱི་སའི་མཚན་ཉིད། དབྱེ་ན་རང་རྒྱལ་གྱི་ལམ་ལྔ་ཡོད་དོ། །གསུམ་པ་ལ་རྒྱུའི་ས་དང༌། འབྲས་བུའི་ས་གཉིས། དང་པོ་ལ། བྱང་སེམས་སོ་སྐྱེའི་ས་དང༌། འཕགས་པའི་ས་གཉིས། དང་པོ་ནི། ཚོགས་སྦྱོར་ལྟ་བུ་དེ་རྣམས་འཇིག་རྟེན་པ་དང་ཉན་རང་གི་རྒུད་པ་ལས་འདས་ཤིང༌། དོན་དམ་པའི་བྱང་ཆུབ་སེམས་དཔའི་ས་ནི་མ་ཐོབ་ལ།
Example འཁོར་ལོས་བསྒྱུར་བའི་རྒྱལ་པོ་མིའི་མདོག་ལས་འདས་ཤིང༌། ལྷའི་མདོག་ནི་མ་ཐོབ་པ་ལྟ་བུ།
Domain ཆོས་ལུགས།

{{#arraymap:ཐར་ལམ་དུ་གྱུར་པའི་ས་

|; |@@@ | | }}