21729
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དུས་རབས་བཅུ་གསུམ་པའི་དཀྱིལ་དུ་འཁྲུངས། ཆུང་དུས་ནས་བསྟན་པའི་ཆོད་སྒོར་ཞུགས། རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་པ་རིམ་གྱིས་བཞེས། འདུལ་གཞུང་སོགས་སྦྱངས། བལ་ཡུལ་དང་། རྒྱ་གར་སོགས་སུ་ཕེབས། པཎ་གྲུབ་མང་པོའི་ཞབས་ལ་གཏུགས། རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བཀའ་འགྱུར་ལས་ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ་དང་། སྐྱེས་པ་རབས་ཀྱི་གླེང་གཞིའི་མདོ། ལྕང་ལོ་ཅན་གྱི་ཕོ་བྲང་གི་མདོ། འདུས་པ་ཆེན་པོའི་མདོ། བྱམས་པའི་མདོ། བྱམས་པ་བསྒོམ་པའི་མདོ། བསླབ་པ་ལྔའི་ཕན་ཡོན་གྱི་མདོ། རིའི་ཀུན་དགའ་བོའི་མོད། ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་བཏུལ་བའི་མདོ། འོད་སྲུང་ཆེན་པོའི་མདོ། ཉི་མའི་མདོ། །ཟླ་བའི་མདོ། བཀྲ་ཤིས་ཆེན་པོའི་མདོ། བྱ་རྒྱུད། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བའི་གཟུངས་རྟོག་པའི་རབ་བྱེད་དང་པོ། རྗེ་བཙུན་མ་འཕགས་མ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ། བསྟན་འགྱུར་ལས་སངས་རྒྱས་ཀྱི་བསྟོད་པ། དཔལ་ཁྲོ་བོ་བཅུའི་རིག་པའི་ཆོ་ག སློང་མོ་བའི་འགྲེལ་བ། ཡི་གེའི་མདོ། ཡི་གེ་མདོའི་འགྲེལ་བ་བཅས་ཆོས་ཚན་ང་གཉིས་བཞུགས། |
{{#arraymap:ཐར་ལོ་ཉི་མ་རྒྱལ་མཚན་
|; |@@@ | | }}