21730

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐར་ཤུལ་དཀོན་མཆོག་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ལྕགས་ཁྱི་ལོ་ཕྱི་ལོ་ ༡༧༩༠ ལོར་མདོ་སྨད་རྩེ་གཞུང་དུ་ཡབ་ཐར་ཤུལ་ངག་དབང་བཀྲ་ཤིས་དང་། ཡུམ་ཨ་རིག་གཡས་ཆེན་བཟའ་སྐྱིད་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། ལྔ་བར་གུང་ཐང་འཇམ་པའི་དབྱངས་ཀྱིས་སྐུ་གོང་མའི་ཡང་སྲིད་དུ་ཐག་བཅད། བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སར་བཀོད། གཡག་ཤུལ་ཆོས་བཟང་དུར་རྒྱས་ཀློག་གི་སློབ་དཔོན་དུ་བསྟེན། བཅུ་གཅིག་པར་ཆོས་གྲྭར་ཞུགས། བསྡུས་གཞུང་དང་། གཞུང་བཀའ་པོད་ལྔ་ལ་ཐོས་བསམ་མཛད། སྨོན་ལམ་རབ་འབྱམས་པའི་མཚན་བཏགས་བཞེས། གུང་ཐང་འཇམ་པའི་དབྱངས་ལས་བསྙེན་པར་རྫོགས། ནམ་མཁའ་སྒོ་འབྱེད་ཀྱི་དབང་ཡང་ཞུས། གཞན་ཡང་ཀུན་མཁྱེན་འཇམ་བཞད་དང་། སྡེ་ཁྲི་འཇིགས་མེད་རིགས་པའི་སེང་གེ གླིང་དཀོན་མཆོག་དགྱེས་པའི་བློ་གྲོས། བཀའ་གྱུར་བ་དཀོན་མཆོག་དཔལ་འཛིན་བཅས་ལས་བཀའ་ཆོས་ཅི་རིགས་གསན། རྡོ་རམས་པའི་མཚན་བཏགས་བཞེས། སོ་བཞི་བར་བདེ་མོ་ཐང་དགའ་ལྡན་ཆོས་འཁོང་གླིང་གི་ཁྲིར་ཕེབས། ཞེ་གཅིག་པར་དབུས་སུ་ཕེབས། རྩེ་ཤོད་དང་། བྲག་ཡེར་བ། ལ་མོ། རྫིང་ཕྱིས། གདན་ས་མཐིལ། ཟངས་རི་མཁར་དམར། མངའ་རིས་གྲྭ་ཚང་། ཡར་ལུང་རྟེན་གསུམ་གནས་གསུམ། རྣམ་རྒྱལ་ལྷ་ཁང་། བསམ་ཡས། རྒྱང་རྩེ། བཀྲ་ཤིས་ལྷུན་པོ། ས་སྐྱ། རོང་བྱམས་ཆེན། སྙེ་ཐང་སོགས་ལ་མཇལ། ཞེ་གཉིས་པར་མདོ་སྨད་དུ་ཕེབས། ཨུརྒེའི་ཁྲི་ལ་བཞུགས། ང་ལྔ་བར་རབ་བྱུང་བཅུ་བཞི་པའི་ཤིང་འབྲུག་ཕྱི་ལོ་ ༡༨༤༤ ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སའི་ཁྲིར་བཞུགས། གདན་ས་ ལོ་གཉིས་རིང་བསྐྱངས། སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། ཁྲི་ཟུར་ནས་དམུ་དགེ་དགོན་དང་། ཨ་མཆོག་དགོན། བྲག་རྭ་དགོན། སྨྲ་སེང་གླིང་བཅས་ཀྱི་ཁྲིར་བཞུགས། མདོ་སྔགས་ཆོས་ཀྱི་འཆད་ཉན་སྤེལ། རྔ་བ་དང་། མཛོད་དགེ་ཉིན་སྲིབ། དབལ་ཤུལ། སོག་པོ་མདའ་བཅུ་གཅིག ཧོར་བོད། རོང་ཚོ་ཆེན་བཅོ་བརྒྱད་སོགས་སུ་ཕེབས། ཆོས་འཁོར་བསྐོར། རེ་དགུ་བ་རབ་བྱུང་བཅུ་བཞི་པའི་ས་རྟ་ཕྱི་ལོ ༡༨༥༨ ལོར་སྐུ་གཤེགས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ཞེ་གཅིག་པ་ཡིན།

{{#arraymap:ཐར་ཤུལ་དཀོན་མཆོག་རྒྱ་མཚོ་

|; |@@@ | | }}