21735
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དམ་པ་འདི་ཉིད་མདོ་སྨད་འབལ་གཞུང་དུ་འཁྲུངས། དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་དུ་བཀའ་པོད་ཆེན་པོ་ལྔ་ལ་སྦྱངས་པས་མཁས་གྲགས་ཀྱིས་ས་སྟེང་ཁྱབ། འཇམ་དབྱངས་བཞད་པ་གཞུང་གསར་འཛིན་གྲྭ་སྐབས་རྗེ་འདི་བས་བགྲོ་གླེང་གནང་བར་ཐུགས་འཕྲོགས། པཎ་ཆེན་བློ་བཟང་ཆོས་ལྡན་སོགས་མདོ་དབུས་གཉིས་ཀྱི་མཁས་གྲུབ་དམ་པ་དུ་མ་ལས་དབང་ལུང་མན་ངག་མཐའ་ཡས་པ་གསན། འབལ་མདོའི་གད་པ་གཡང་རྭ་དང་སྟག་མོ་རྫོང་སོགས་སུ་སྒྲུབ་པ་མཛད། སྐུ་ན་བགྲེས་པའི་སྐབས་ཀྱང་ཐུགས་དམ་འབབ་ཞིག་ལ་གཞོལ་བར་མཛད་པས། ཞལ་སློབ་ཁྲི་ཆེན་བློ་གྲོས་རྒྱ་མཚོའི་ཡང་སྤྲུལ་དང་རྒྱལ་ལུ་བློ་བཟང་བསྟན་དར། སུམྦྷ་ཡེ་ཤེས་དཔལ་འབྱོར་སོགས་མཁས་ཤིང་གྲུབ་པའི་དངོས་སློབ་མང་དུ་མཆིས། གསུང་རྩོམ་དྲང་ངེས་རྣམ་འབྱེད་ཀྱི་མཐའ་དཔྱོད་སོགས་མང་པོ་བཞུགས། |
{{#arraymap:ཐར་ཤུལ་སྐུ་ཕྲེང་དང་པོ་ཆོས་སྐྱོང་རྒྱ་མཚོ་
|; |@@@ | | }}