21742
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཤིང་མ་ལྡུམ་གྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྔོ་ལྗང་ཕྲ་བ་རིང་ཐུང་ཀུང་ཁྲུ་གང་ལྷག་ཙམ་པའི་སྟོད་ཆ་ནས་ཡལ་ག་གྱེས་ཤིང༌། ལོ་མ་སྔོ་ལྗང་སྲབ་ཅིང་སྒོར་བའམ་སྒོ་ང་མགོ་མཇུག་ལོག་པའི་དབྱིབས་འདྲ་ཞིང་གཡས་གཡོན་དུ་ལོ་མ་གསུམ་རེ་ཡོད་པའི་ཆ་གྲངས་སྒྲོ་དབྱིབས་མང་ལོ་མ་ཡིན་པ། ལོ་མའི་རྒྱབ་མདུན་ལ་སྤུ་དཀར་ཐར་ཐོར་ཡོད། མེ་ཏོག་སེར་པོ་ཆུང་ཞིང་སྲན་མའི་མེ་ཏོག་གི་དབྱིབས་ཅན་ལོ་མའི་མཚམས་ནས་ཁ་སྤྲོད་འཆར་བ། གང་བུ་ཕྲ་ལ་རིང་བ་སྐུད་དབྱིབས་འདྲ་བ་ཤུ་མོ་ཟའི་གང་བུ་དང་མཚུངས་ཤིང༌། འབྲུ་གུ་ལྗང་སེར་འོད་མདངས་འཚེར་བ་འཇོང་ནར་མཁྲེགས་པ་མང་པོ་ཡོད། འདི་ལ་སྐྱེ་གནས་དབང་གིས་ཕོ་རིགས་སེར་འཇོང་ཅན་དང༌། མོ་རིགས་དེ་ལས་ཆེ་ཞིང་ཀྲི་ཀ་ཡོད་པ་སྟེ། རྩྭ་གསེབ་དང་ལམ་གྱི་གཡས་གཡོན་བཅས་སུ་སྐྱེ་བ་མང་ཞིང༌། བོད་ཟླ་བརྒྱད་པ་ཙམ་སྟེ་འབྲས་བུ་སྨིན་མཚམས་སུ་སྡོང་པོ་བརྔས་ཏེ་སྐམ་གསེད་བྱས་ནས་འབྲུ་གུ་བཏོན་ཏེ། མ་རུལ་བར་ཉར་ཚགས་བྱས་ནས་དགོས་དུས་སྤྱོད་རྒྱུ། རོ་ཅུང་ཁ་ཞིང་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ཞིང་རྩུབ་ལ་སྐམ་པས་པགས་པའི་ནད་རིགས་སྤྱི་དང༌། ཆུ་སེར་གྱི་ནད་རིགས། ཤུ་བ། གཟའ་ནད་སོགས་ལ་ཕན་པ་ཡིན། |
{{#arraymap:ཐལ་ཀ་རྡོ་རྗེ་
|; |@@@ | | }}