21781
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཕྱོགས་སྔ་སུན་འབྱིན་པར་མི་འདོད་པའི་ཐལ་བ་འཕེན་པའམ། རྒོལ་ཕྱི་རྒོལ་གཉིས་ལ་མཐུན་སྣང་གྲུབ་ངེས་ཀྱི་ཚུལ་གསུམ་འདོད་པའི་ངག |
Example | སྒྲ་རྟག་པར་འདོད་པའི་གང་ཟག་གི་ངོར། སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར། ཞེས་པ་ལྟ་བུ་སུན་འབྱིན་པ་དང་། ཡང་ན། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པའི་ཕྱིར། ཞེས་པ་ལྟ་བུ་ཚུལ་གསུམ་ཚང་བའི་ངག་གོ |
Domain | ཚད་མ། |
{{#arraymap:ཐལ་འགྱུར་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | གསལ་བ་ལ་ཡིན་པར་ཐལ་དང་ཡོད་པར་ཐལ་ཞེས་སོགས་ལྟ་བུའི་ཐལ་འགྱུར་དུ་བཀོད་པའི་ངག་ཅིག་ལ་ཐལ་འགྱུར་ཞེས་བརྗོད་པ་ཡིན་ཏེ། དགའ་བྱང་ཡིག་ཆ་ཡོངས་འཛིན་བསྡུས་གྲྭ་ལས། ཐལ་འགྱུར་གྱི་མཚན་ཉིད་ཡོད་དེ། ཐལ་འགྱུར་དུ་བཀོད་པ་དེ་དེ་ཡིན་པའི་ཕྱིར། ཞེས་གསུངས། |
{{#arraymap:ཐལ་འགྱུར་
|; |@@@ | | }}