21785
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཐལ་འགྱུར་དེ་ལ་ལན་འདེབས་སྐབས་དཔེར་ན། སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལྟ་བུ། སྒྲ་རྩོད་གཞི་དང་། མ་བྱས་པ་བསལ་བ། རྟག་པ་རྟགས་ཡིན་པས་ན། རྟགས་མ་གྲུབ་ཅེས་ལན་འདེབས་ན་སྒྲ་རྟག་པ་ཡིན་པ་རྟགས་མ་གྲུབ་ཅེས་ལན་འདེབས་ཚུལ་དང་། སྒྲ་མ་བྱས་པར་འདོད་ཅེས་འདོད་ལན་འདེབས་ཚུལ། རྟག་ན་མ་བྱས་པས་མ་ཁྱབ་ཅེས་ཁྱབ་པ་མེད་པའི་ལན་འདེབས་ཚུལ། སྒྲ་རྟག་པ་ཡིན་མིན་ཐེ་ཚོམ་ཞེས་རྟགས་ལ་ཐེ་ཚོམ་གྱི་ལན་འདེབས་ཚུལ། སྒྲ་མ་བྱས་པ་ཡིན་མིན་ཐེ་ཚོམ་ཞེས་བསལ་བ་ལ་ཐེ་ཚོམ་གྱི་ལན་འདེབས་ཚུལ། ཆོས་ཅན་སྐྱོན་ཅན་གྱི་ལན་འདེབས་ཚུལ། བཤོག་ལུགས་སྐྱོན་ཅན་གྱི་ལན་འདེབས་ཚུལ་སོགས་ཐལ་འགྱུར་གྱི་ལན་འདེབས་ཚུལ་མང་པོ་ཡོད་དེ། དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། ཐལ་འགྱུར་གྱི་ལན་ལ། འདོད། རྟགས་མ་གྲུབ། ཁྱབ་པ་མེད། རྟགས་ལ་ཐེ་ཚོམ་ཟ། བསལ་བ་ལ་ཐེ་ཚོམ་ཟ། ཆོས་ཅན་སྐྱོན་ཅན་ཡིན། བཤོག་ལུགས་སྐྱོན་ཅན་ཡིན་པ་ལ་སོགས་མཐའ་ཡས་པ་ཅིག་ཡོད་པའི་ཕྱིར། ཞེས་གསུངས། |
Domain | ཚད་མ། |
{{#arraymap:ཐལ་འགྱུར་གྱི་ལན་འདེབས་
|; |@@@ | | }}