21787

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐལ་འགྱུར་པ་ (1)
Part of speech མིང་ཚིག
Definition མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། འགལ་བརྗོད་ཀྱི་ཐལ་འགྱུར་ཡང་དག་ཙམ་ལ་བརྟེན་ནས་ཀྱང་དངོས་པོ་བདེན་མེད་རྟོགས་པའི་རྗེས་དཔག་སྐྱེད་ནུས་པར་འདོད་པའི་དབུ་མ་པ། དབུ་མ་ཐལ་འགྱུར་བ་དང༌། ཞེས་དང་། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། རང་རྒྱུད་པས་གཞན་ལ་གྲགས་ཀྱི་རྗེས་དཔག་དང༌། ཐལ་འགྱུར་ཙམ་ལ་བརྟེན་ནས་བདག་སྐྱེ་མེད་པར་རྟོགས་པའི་རྗེས་དཔག་སྐྱེ་བར་མི་འདོད། ཐལ་འགྱུར་བས་དེ་ལྟར་འདོད་པའི་ཕྱིར། དེར་ཐལ། སྐལ་བཟང་མིག་འབྱེད་ལས། གཉིས་ཀའི་ལུགས་ལ་ཆོས་ཅན་ཚད་མས་གྲུབ་ཚུལ་མཐུན་སྣང་དུ་གྲུབ་པ་མི་སྲིད་པའི་ཕྱིར། གཞན་ལ་གྲགས་ཀྱི་རྗེས་དཔག་དང༌། ཐལ་འགྱུར་ཙམ་གྱི་སྒོ་ནས་ཕ་རོལ་པོའི་རྒྱུད་ལ་བདེན་མེད་རྟོགས་པའི་ངེས་ཤེས་སྐྱེད་པར་བྱེད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཞེས་གསུངས། ཐལ་འགྱུར་པའི་ཤིང་རྟའི་སྲོལ་ཕྱེ་ཚུལ་ཡང་། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། དེའི་རྗེས་སུ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་འཕགས་པ་ཡབ་སྲས་ཀྱི་དགོངས་པ་ཇི་ལྟར་བཀྲལ་བའི་ཚུལ་ཡོད་དེ། དངོས་པོ་རང་བཞིན་གྱིས་གྲུབ་པ་ལ་དགག་པ་གསལ་བར་མཛད་ནས་ཐལ་འགྱུར་ལ་བརྟེན་ནས་དངོས་པོ་རང་བཞིན་གྱིས་མེད་པར་རྟོགས་པའི་རྗེས་དཔག་བསྐྱེད་ནུས་པའི་རྣམ་གཞག་བྱས་ནས། འཕགས་པ་ཡབ་སྲས་ཀྱི་དགོངས་པ་ཐལ་འགྱུར་དུ་འགྲེལ་པ་ལ། འགྲེལ་པ་བུདྡྷ་པཱ་ལི་ཏ་མཛད་པའི་སྒོ་ནས་ཐལ་འགྱུར་གྱི་ཤིང་རྟའི་སྲོལ་ཕྱེ་བ་ཡིན་པའི་ཕྱིར། ཞེས་གསུངས།

{{#arraymap:ཐལ་འགྱུར་པ་

|; |@@@ | | }}