21796

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐལ་འགྱུར་ལྟར་སྣང་གི་ལན་ (1)
Part of speech མིང་ཚིག
Definition རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། གཞན་ཡང་ཐལ་འགྱུར་ལྟར་སྣང་ལ་ལན་འདེབས་ཚུལ་བཤད་པར་བྱ་སྟེ། སྒྲ་རྟག་པར་ཐལ་བྱས་པ་ཡིན་པའི་ཕྱིར་ལ། ཁྱབ་པ་འགལ་ཞེས་པ་ལྟ་བུ་དང༌། སྒྲ་མི་རྟག་པར་ཐལ་མཉན་བྱ་ཡིན་པའི་ཕྱིར་ལ་ཁྱབ་པ་མ་ངེས་ཞེས་པ་ལྟ་བུ་དང༌། སྒྲ་མི་རྟག་པར་ཐལ་མིག་གི་གཟུང་བྱ་ཡིན་པའི་ཕྱིར་ལ། རྟགས་མ་གྲུབ་ཅེས་པ་ལྟ་བུ་དང༌། མདུན་གྱི་གཞི་འདིར་ཤ་ཟའི་བུམ་པ་ཆོས་ཅན། མི་རྟག་པར་ཐལ། བྱས་པའི་ཕྱིར་ལ། རྟགས་ལ་ཐེ་ཚོམ་ཟ་ཞེས་པ་ལྟ་བུ་དང༌། དྲང་དོན་གྱི་ལུང་བསྟན་བྱའི་དོན་ལ་མི་བསླུ་བར་ཐལ། དཔྱད་པ་གསུམ་གྱི་དག་པའི་ལུང་ཡིན་པའི་ཕྱིར་ལ་འདོད་ཅེས་པ་ལྟ་བུའི་ལན་འདེབས་པར་བྱའོ། །ཞེས་གསུངས་སོ། །
Domain ཚད་མ།

{{#arraymap:ཐལ་འགྱུར་ལྟར་སྣང་གི་ལན་

|; |@@@ | | }}