21823

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐི་བ་ (1)
Part of speech མིང་ཚིག
Definition ཕུག་རོན་གྱི་མིང་སྟེ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལས། ཆུང་མ་བསད་པའི་ཐི་བ་ལྟར། གྲོགས་དང་བྲལ་བའི་མྱ་ངན་ཐོབ། ཅེས་པའི་འགྲེལ་པར། ནགས་འདབས་ཤིག་ན་ཐི་བ་སྟེ་ཕུག་རོན་ཕོ་མོ་གཉིས་བཟའ་ཚང་བྱས་ནས་བསྡད་ཡོད་པ་ལ། སོས་ཀ་བཙལ་བའི་ལྗང་ལོ་བསགས་ཡོད་པ་དེ་ཐི་བ་མོ་དེ་ལ་སྲུང་དུ་བཅུག ཕོ་དེ་གཞན་དུ་སོང་ནས། ཕྱིས་རང་གི་གནས་སུ་ལོག་ནས། ཁྱོད་ཀྱིས་ལྗང་ལོ་ཟོས་སོ་ཞེའོ། །ཐི་བ་མོ་དེས་བདག་གིས་ཅུང་ཟད་ཀྱང་མ་ཟོས་ཞེས་སྨྲས་ཀྱང་མ་ཉན་པར་དེ་ཁྲོས་ནས་ཆུང་མ་ཐི་བ་མོ་ལ་བརྡུངས་པས་དེ་ཤི་བར་གྱུར་ཏོ། །དེའི་ཕྱི་ལོ་ཡང་དཔྱིད་ཀ་ལྗང་བསགས་པ་རྣམས་སྔ་མ་བཞིན་ཐམས་ཅད་བསྐམས་ནས། ཉུང་ངུར་སོང་བ་ལ་ཕུག་རོན་དེས་བརྟགས་པས། ཀྱེ་མ་བདག་གིས་གྲོགས་མོ་དེ་སྐྱོན་མེད་པ་ཞིག་གོ་སྙམ་དུ་ཤེས་ཏེ། སེམས་མྱ་ངན་གྱིས་ནོན་པ་ན། ནགས་དེའི་ལྷ་གཞོན་ནུ་འགའ་ཞིག་གིས་འདི་སྐད་ཅེས། ནགས་ལ་གནས་པའི་ཐི་བ་ནི། འདབ་མ་ཁྲ་བོ་མིག་དམར་བ། ལེགས་ཉེས་རྣམ་པར་མི་དཔྱོད་པར། ཆུང་མ་བསད་ནས་མྱ་ངན་བྱེད། །ཅེས་འབྱུང་། དེ་བཞིན་འདུལ་བ་ལུང་ཕྲན་ཚེགས་ཀྱི་གཞི་ལས་ཀྱང་། ནགས་ཚལ་རྒྱུ་བའི་ཐི་བ་ནི། །འདབ་མ་ཁྲ་བོ་མིག་དམར་བ། །ཞེས་གསུངས།

{{#arraymap:ཐི་བ་

|; |@@@ | | }}

ཐི་བ་ (2)
Part of speech མིང་ཚིག
Definition སྲེག་པའི་མིང་སྟེ། བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག་ལས། ཐི་བ་སྲེག་པའམ་ཕུག་རོན་དང་། ཞེས་བྱ་འདི་གཉིས་ཀྱི་མིང་དུ་འཇུག་པར་གསུངས།

{{#arraymap:ཐི་བ་

|; |@@@ | | }}

ཐི་བ་ (3)
Part of speech མིང་ཚིག
Definition བརྡ་ཡིག་བློ་གསལ་མགྲིན་རྒྱན་ལས། ཐི་བ་ནི་ཕུག་རོན་དང་། མིག་ཡ་གཅིག་གིས་མི་མཐོང་བའི་བྱ་ཞིག་ཡིན་ཟེར་བའང་སྣང་། ཞེས་གསུངས།

{{#arraymap:ཐི་བ་

|; |@@@ | | }}

ཐི་བ་ (4)
Part of speech མིང་ཚིག
Definition ནགས་ན་གནས་པའི་བྱེའུ་ཞིག་གི་མིང་སྟེ། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། ཐི་བ་ནི། ནགས་ན་གནས་པའི་བྱེའུ་མདོག་སྔོ་སྐྱ་མཇུག་རྩེ་ནག་པོ་ཞིག་གོ ཞེས་གསུངས།

{{#arraymap:ཐི་བ་

|; |@@@ | | }}