21835

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐིག་ནག་ (1)
Part of speech མིང་ཚིག
Definition ཚོན་གྱི་ཁ་དོག་ནག་པོས་བྱས་པའི་ཐིག་གི་དོན་ཏེ།
Example ས་ལ་ཐིག་ནག་གི་རི་མོ་བྲིས་ཤིང་། །ངག་ལ་སྔགས་ནག་གི་སྒྲ་ཆེན་སྒྲོག་བཞིན། དམིགས་པ་འདྲེ་ནག་དམ་སྲི་འབྱུང་བོ་གདོན་འདྲེ་རྣམས་ལ་རྩེ་གཅིག་ཏུ་གཏད་ལྟ་བུ།

{{#arraymap:ཐིག་ནག་

|; |@@@ | | }}

ཐིག་ནག་ (2)
Part of speech མིང་ཚིག
Definition ནད་རྟགས་ལ་ལྟོས་ནས་བཏགས་པའི་ནད་ཅིག་སྟེ། ཆུ་སེར་ནག་པོ་ལུས་ལ་རྒྱས་ནས་པགས་པའི་སྟེང་དུ་ཤ་རོ་ནག་པོར་འབྱུང་བའི་གསོ་དཀའ་བའི་པགས་ནད་གདུག་པ་ཅན་ཞིག

{{#arraymap:ཐིག་ནག་

|; |@@@ | | }}

ཐིག་ནག་ (3)
Part of speech མིང་ཚིག
Definition ཚ་དམྱལ་བརྒྱད་ཀྱི་ནང་གསེས་ཤིག ལྕགས་བསྲེགས་ཀྱི་ས་གཞིའི་སྟེང་དུ་གཤིན་རྗེའི་ལས་མཁན་རྣམས་ཀྱིས་དམྱལ་བའི་སེམས་ཅན་དེའི་ལུས་ལ་ཐིག་ནག་པོ་བཏབ་པའི་སྟེང་དུ་ལྕགས་ཀྱི་སོག་ལེ་མེ་འབར་བས་དྲ་བར་བྱེད་ཅིང་དེ་ལྟར་ཡང་ཡང་དུ་གཤོག་ཅིང་གཅོད་པས་སྡུག་བསྔལ་བའོ། །དམྱལ་བ་དེའི་ཚེའི་ཚད་ནི་འདོད་ལྷ་སུམ་ཅུ་རྩ་གསུམ་པའི་ཚེ་ཚད་རང་ལོ་སྟོང་དེ་ཐིག་ནག་གི་ཉིན་ཞག་གཅིག་ཡིན་པས། དེ་ལྟ་བུའི་ཞག་སུམ་ཅུ་ལ་ཟླ་བ་དང་ཟླ་བ་བཅུ་གཉིས་ལ་ལོ་ཡིན་པས་རང་ལོ་སྟོང་ཚེའི་ཚད་དེ། མིའི་ལོ་བྱེ་བ་འབུམ་ཁྲག་བཅུ་གཉིས་དང་བྱེ་བ་ཕྲག་དགུ་ཁྲི་དྲུག་སྟོང་གནས་དགོས་སོ། །
Domain ཆོས་ལུགས།

{{#arraymap:ཐིག་ནག་

|; |@@@ | | }}