21860

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐིག་ལེ་བཅུ་དྲུག་གི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། ཐིག་ལེ་བཅུ་དྲུག་གི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་བཅུ་དགུ་པ་ཡིན། བརྗོད་བྱ་ནི། བཀའ་གདམས་གོང་མའི་མན་ངག་བཞིན་སྐྱབས་འགྲོ་དང་རྟེན་དཀྱིལ་འཁོར་གྱི་ཐིག་ལེ་བཞི། བརྟེན་པ་ལྷའི་ཐིག་ལེ་དྲུག རྩ་བརྒྱུད་བླ་མའི་ཐིག་ལེ་དྲུག་ཏེ་བཅུ་དྲུག་པོ་རྣམས་ཀྱི་བསྐྱེད་བཟླས་ཀྱི་སྒོམ་ཚུལ་བསྡུས་ཏེ་གསལ་བར་བསྟན་ཡོད། བརྒྱུད་རིམ་ནི། ཇོ་ནང་ཁྲིད་བརྒྱའི་མཚན་སྡོམ་ལས། ཐུབ་དབང་སྒྲོལ་མ་ཇོ་བོ་འབྲོམ་སྟོན་རྔོག མངའ་རིས་ཤེར་རྒྱལ་ཕུ་ཆུང་རིན་རྒྱལ་མཚན། དར་མ་རྒྱལ་མཚན་རབ་དཀའ་བྱང་བཟང་བ། ནམ་མཁའ་རིན་ཆེན་གཞོན་ནུ་བློ་གྲོས་དང་། ལྷོ་པ་ཀུན་མཁྱེན་གྲ་ཕུ་པ་ཆེན་པོ། སྒ་ལུང་བྱང་དཔལ་བསོད་ནམས་འོད་ཟེར་དང་། བསོད་རིན་ཆོས་གྲགས་མཁན་ཆེན་རཏྣའི་མཚན། ངག་དབང་གྲགས་པ་ཨ་བ་དྷཱུ་ཏི་པ། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། ཐིག་ལེ་བཅུ་དྲུག་གི་ཁྲིད་ཡིག་འདི་སྨྱག་ལ་པཎ་ཆེན་གྱི་ཟིན་བྲིས་སྟེང་ནས་ཐོབ་ཀྱང་། འདི་ནི་གླེགས་བམ་རང་ལ་ཞིབ་དཔྱོད་བྱས་པའི་སྙིང་པོར་དྲིལ་ནས་བྲིས་པའོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:ཐིག་ལེ་བཅུ་དྲུག་གི་ཁྲིད་

|; |@@@ | | }}